གནས་རི་ཨ་མྱེས་བྲག་དཀར་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲས་སུ་བཀོད་ཡོད།
                    རྩོམ་པ་པོ།:རྡོ་རྗེ་རབ་བརྟན།
                    ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
                    དུས་ཚོད།:2013-01-23
                    ཀློག་གྲངས།:
                        
                    
                
                                
                
གནས་རི་ཨ་མྱེས་བྲག་དཀར་གྱི་མཛེས་ལྗོངས།(ཞི་བདེ་ཉི་མས་པར་བླངས།)
       ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འགྲེམ་སྤེལ་བྱས་པའི་རེབ་ཐེངས་གསུམ་པའི་ཞིང་ཆེན་རིམ་པའི་སྙན་གྲགས་ཡུལ་ཁམས་མཛེས་ལྗོངས་ཀྱི་མིང་ཐོ་ཁྲོད་དུ། མང་རྫོང་གི་གནས་རི་གྲགས་ཆེན་ཨ་མྱེས་བྲག་དཀར་ཞིང་ཆེན་རིམ་པའི་ཡུལ་ཁམས་མཛེས་ལྗོངས་ཀྱི་གྲས་སུ་བཞག་ཡོད་པ་རེད། 
       གནས་རི་ཨ་མྱེས་བྲག་དཀར་ནི་མང་རྫོང་མགོ་མང་གཞོངས་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་རེ་དྲུག་གི་སར་ཡོད་པ་དང་། ཁྲི་ཀ་རྫོང་མཁར་བར་དུ་སྤྱི་ལེ་ཞེ་ལྔ་ཡོད་ཅིང་།  གངས་དང་སྤང་། ནགས་དང་སྐྱེད་ཚལ། རི་སྐྱེས་མེ་ཏོག འདབ་ཆགས་དང་རི་དྭགས་ཀྱི་ཞིང་ཁམས་ཤིག་ཡིན། 
       ཞིང་ཆེན་རིམ་པའི་ཡུལ་ཁམས་མཛེས་ལྗོངས་ཀྱི་གྲས་སུ་ཚུད་པས་འབྱུང་འགྱུར་གྱི་བྲག་དཀར་མཛེས་ལྗོངས་ལ་སྲུང་སྐྱོང་དང་སྙན་གྲགས་སྔར་ལས་རྒྱས་པར་དགེ་མཚན་ཆེན་པོས་ཕྱུག་འདུག
                འབྲེལ་ཡོད་འོས་སྦྱོར།
                
            
         
             
                 
            
