logo

ཛམ་བྷ་ལ་རིག་གནས་ལག་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟི375ཐད་གཏོང་ལེ་ཚན་དུ་གདན་ཞུ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-10 ཀློག་གྲངས།:

ཛམ་བྷ་ལ་གངས་ལྗོངས་རིག་གནས་ལག་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟི375ཐད་གཏོང་ལེ་ཚན་དུ་གདན་ཞུ་བྱས་པ།
ཛམ་བྷ་ལ་གངས་ལྗོངས་རིག་གནས་ལག་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟི375ཐད་གཏོང་ལེ་ཚན་དུ་གདན་ཞུ་བྱས་པ།
 

        ཟླ1པོའི་ཚེས8ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཛམ་བྷ་ལ་གངས་ལྗོངས་རིག་གནས་ལག་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟིCEOམཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི375བོད་སྐད་ཐད་གཏོང་ལེ་ཚན་དུ་མགྲོན་དུ་ཞུས་ཏེ་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྐོར་གླེང་བ་རེད།
        མཚོ་སྔོན་ཛམ་བྷ་ལ་གངས་ལྗོངས་རིག་གནས་ལག་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟིའིCEOའབྲུག་བྱམས་ཚེ་རིང་དང་མཚོ་སྔོན་ཛམ་བྷ་ལ་གངས་ལྗོངས་རིག་གནས་ལག་རྩལ་ཐོན་རྫས་ཚད་ཡོད་ཀུང་ཟིའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་རྟ་མགྲིན་རྡོ་རྗེ་གཉིས་ལེ་ཚན་འདིའི་སྐུ་མགྲོན་དུ་གདན་ཞུ་བྱས་པ་དང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་མིང་གྲགས་མདོ་འཛིན་པ་ཚེ་མགོན་གྱིས་མདོ་འཛིན་བྱས།
        ལེ་ཚན་གྱི་ནང་དོན་སོ་སོ་ཉིན་དེའི་ཆུ་ཚོད19:30སྟེང་དང་ཉིན་རྗེས་མའི་ཆུ་ཚོད8:30སྟེང་བཏང་བ་མ་ཟད། ཚེས10ཉིན་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་རྒྱའིqhtb.cnཐད་གཏོང་ལེ་ཚན་པར་གཞིའི375ཐད་གཏོང་ལེ་ཚན་དུ་གཏོང་བར་བཀོད་སྒྲིག་གནང་།


འབྲེལ་ཡོད་འོས་སྦྱོར།