logo

ནང་ཆེན་རྫོང་ཟུར་མང་དགོན་ཕ་ཁྱིམ་གཅེས་སྐྱོང་ཚོགས་པར་ཧྥུས་ཐུ་ཁོར་སྲུང་བྱ་དགའ་ཐོབ།

རྩོམ་པ་པོ།:དཀོན་མཆོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-05 ཀློག་གྲངས།:

2012ལོའི་ཧྥུས་ཐུ་ཁོར་སྲུང་བྱ་དགའི་མཛད་སྒོ།
2012ལོའི་ཧྥུས་ཐུ་ཁོར་སྲུང་བྱ་དགའ་ཨང་དང་པོ་ཕ་ཁྱིམ་གཅེས་ཚོགས་ལ་ཐོབ་པ།

         ཉེ་ལམ།  ཀྲུང་གོའི་དམངས་ཁྲོད་ཀྱི་ཁོར་སྲུང་ཚོགས་པ་དང་མི་སྒེར་སོགས་ཁོར་སྲུང་སྡེ་ཁག་མང་པོས་ཧྥུས་ཐུ་ཁོར་སྲུང་བྱ་དགའི་རོགས་དངུལ་རེ་ཞུ་ཐོ་འགོད་བྱས་པའི་ཁྲོད་ནས་ཁོར་སྲུང་ཚོགས་པ27གྱི་མི་སྣ་དག་གིས་གཏམ་བཤད་སྤེལ་བ་དང་།   དྲི་བར་ལན་འདེབས་པ། བརྙན་བསྡུསPPTཤར་གཏོང་བྱེད་པ་སོགས་ཀྱི་བྱ་འགུལ་ཉིན་གཉིས་ལ་སྤེལ་ཏེ།  ཟླ11པའི་ཚེས28ཉིན་ཧྲང་ཧེ་གྲོང་ཁྱེར་ཧི་མ་ལའི་མགྲོན་མཁར་ཆེན་མོ་རུ2012ལོའི་ཧྥུས་ཐུ་ཁོར་སྲུང་བྱ་དགའ་གནང་བའི་མཛད་སྒོ་དངོས་སུ་བསྡུས་ཤིང་།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་དགོན་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་ཁོར་སྲུང་ཁྱབ་བསྒྲགས་བྱ་དགའ་ཨང་དང་པོ་བླངས།  
         ཐེངས་འདིར་ཁོར་སྲུང་ཚོགས་པ27ཧྲང་ཧེ་ནས་རྒྱུགས་རར་ཞུགས་ཤིང་། དེར་དཔྱད་འདེམ་དགེ་རྒན7གདན་དྲངས་ཡོད་པ་དང་། རྒྱུགས་སྤྲོད་དྲི་བར་ལན་འདེབས་སྐབས་ཚོགས་མི་རེས་སྐར་མ8ཀྱི་དུས་ཡུན་ནང་གཏམ་བཤད་དང་རང་གི་ལས་འགུལ་མཚམས་སྦྱོར་གྱི་བརྙན་ཐུང(ppt)ཤར་གཏོང་དགོས་ཤིང་།  དེ་ནས་སྐར་མ7ལ་དཔྱད་འདེམ་པ་དག་གིས་དྲི་བ་འདོན་པ་སྟེ་བསྡོམས་པས་ཚོགས་མི་རེས་སྐར་མ15ཙམ་ལ་དྲི་བར་ལན་འདེབས་པ་ཡིན།   


ཚོགས་ཞུགས་རྣམས་ལྷན་དུ་པར་བསྐྱོན་པ།

        2000ལོར་ཧྥུས་ཐུ་རླངས་འཁོར་སྤྱིར་གཉེར་ཁང་གི་ཧྥུས་ཐུ་ཁོར་སྲུང་ལས་ཁུངས་རྒྱ་ནག་ཏུ་བཙུགས་ཏེ་ད་བར་ལོ་ངོ13འགོར་ཞིང་། ཐེངས་འདིའི་ཚོགས་ཐོག་ནས་ལས་གནས་དག་བརྗེ་བཀོད་བྱེད་དགོས་པས་རྒྱལ་ཡོངས་ཀྱི་ཧྥུས་ཐུ་ཚོགས་མི་ཆ་ཚང་འཛོམས་ཡོད་པ་དང་ཧྥུས་ཐུ་རླངས་འཁོར་སྤྱི་གཉེར་ཁང་གི་འགོ་གཙོ་བྷིས་འར་ཧྥུས་ཐུ(福特汽车公司董事长比尔·福特)ཡང་ཨ་རི་ནས་སླེབས་ཡོད། མདོ་འཛིན་པའི་མཚམས་སྦྱོར་དང་སྦྲགས་ཐོག་དང་པོར་ཧྥུས་ཐུ་རླངས་འཁོར་སྤྱི་གཉེར་ཁང་གི་འགོ་གཙོ་བྷིས་འར་ཧྥུས་ཐུ་ལགས་ཀྱིས་གཏམ་བཤད་དང་གསར་འགོད་ཁག་གི་དྲི་བར་ལན་བཏབ་ཅིང་།  དེ་ནས་བྱ་དགའ་དངོས་སུ་གནང་བ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་དགོན་ཕ་ཁྱིམ་གཅེས་སྐྱོང་ཚོགས་པར2012ལོའི་ཧྥུས་ཐུ་ཁོར་སྲུང་ཁྱབ་བསྒྲགས་བྱ་དགའ་ཨང་དང་པོ་གཟི་བརྗིད་ངང་ཐོབ་ལ། བྱ་དགའ་ལ་ཁོར་སྲུང་ཤེལ་གྱི་རྟགས་མ་ཞིག་དང་གཟི་བརྗིད་རྟགས་མ། རོགས་དངུལ་དམངས་སྒོར་འབུམ2བཅས་འདུས།


འབྲེལ་ཡོད་འོས་སྦྱོར།