《གེ་སར》ཞིབ་འཇུག་ཆེད་མཁས་པ་རྣམས་ལོ་རྒྱུས་སྙན་རྩོམ་མཐོ་རིམ་ཚོགས་ཆེན་དུ་ཞུགས།
ཉེ་སྔོན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གིས་གཙོ་སྒྲུབ་དང་། སྤྱི་ཚོགས་ཚན་རིག་གླིང་རྒྱལ་སྤྱིའི་མཉམ་འབྲེལ་ཅུའུ་དང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གཉིས་ཀྱིས་འགན་སྒྲུབ་སྒོས་ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་རྒྱལ་སྤྱིའི་མཐོ་རིམ་ཚོགས་ཆེན་བསྡུས་པ་དང་། ཡོ་རོབ་དང་། ཡ་གླིང་། བྱང་ཨ་མེ་རི་ཁའི་གླིང་སོགས་ཀྱི་རྒྱལ་ཁབ22ཀྱི་ཆེད་མཁས་པ་དང་། རྒྱལ་ནང་གི་ལོ་རྒྱས་སྙན་རྩོམ་གྱི་ཆེད་མཁས་པ20ལྷག་གཅིག་ཏུ་འཛོམས་ཏེ། ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་བྱེད་པའི་སྣ་མང་རང་བཞིན་དང་། གསར་གཏོད་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་ཆེད་དོན་ཐད་ནས་བགྲོ་གླེང་མཛད། འདི་ནི་ཉེ་བའི་ལོ་འགའི་རིང་གི་ཀྲུང་གོའི་མི་རིགས་ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་བྱེད་པའི་གྲུབ་འབྲས་ཤིག་ཡིན།
གླེང་སྟེགས་སུ《གེ་སར》ཞིབ་འཇུག་ཆེད་མཁས་པ་འཇལ་དཔལ་རྒྱ་མཚོས《གེ་སར》ལོ་རྒྱུས་སྙན་རྩོམ་གྱི་ཕུལ་བྱུང་སྒྲུང་བ་རྒན་པ་བཀྲ་བྷ་ལགས་ཀྱི་ཀྱག་ཀྱོག་གི་སྒྲུང་བཤད་ལོ་རྒྱུས་མཚམས་སྦྱོར་གནང་བ་དང་། པེ་ཅིན་སློབ་ཆེན་གྱི་ཤེས་ཡོན་པ་ཁྲིན་ཀང་ལུང་གིས་ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་གསུམ་དང་ཕྱུགས་རིགས་སྤོ་ཚོའི་དཔལ་ཡོན་བར་གྱི་འབྲེལ་བ་མཚམས་སྦྱོར་བྱས།