ཀོང་རྩེད་རའི་སྐོར་བྲོའི་རིག་གནས་དུས་ཆེན་སྐབས་དང་པོ་མགོ་ཚུགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བདེ་ཆེན་བོད་ཡིག་སྨྱན་བྱད།
དུས་ཚོད།:2018-10-12
ཀློག་གྲངས།:
སྤྱི་ཟླ10པའི་ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ཀོང་རྩེད་རའི་སྐོར་བྲོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ་མགོ་ཚུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོང་མི་རྣམས་ཀྱིས་ལུས་སུ་གཟབ་ཆས་སྤྲས་ནས་རྒྱས་སྟོན་ལ་ཞུགས།
མགོ་རྩོམ་མཛད་སྒོའི་ཐོག ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲ་མ་ལ་དབྱི་ཡིས་ཀོང་རྩེད་རའི་གྲོང་རྡལ་ལ་ཀྲུང་གོའི་བོད་ཀྱི་སྐོར་བྲོ་རིག་གནས་ཀྱི་ཕ་ས་ཞེས་པའི་སྒོ་བྱང་སྤྲད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྐོར་བྲོའི་དུས་ཆེན་གྱི་བྱ་འགུལ་ནི་ཉིན་ཁ་ཤས་ལ་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིར་ངོ་མཚར་བའི་སྐོར་བྲོ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་མ་ཟད། གཞན་ད་དུང་ས་གནས་ཁག་གི་འགྲེམ་འཁྲབ་དང་། གླུ་གཞས་ཆེད་ཚོགས། ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་སྣ་མང་བཀོད་སྒྲིག་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།