གྲངས་ཉུང་མི་རིགས་བརྗོད་བྱའི་ཕུལ་བྱུང་གློག་བརྙན་འཁྲབ་གཞུང་བརྩམས་ཆོས་འདེམ་པ།
མི་རིགས་རྩོམ་རིག
ཉེ་ཆར། སྐབས་གཉིས་པའི་གྲངས་ཉུང་མི་རིགས་བརྗོད་བྱའི་ཕུལ་བྱུང་གློག་བརྙན་འཁྲབ་གཞུང་བརྩམས་ཆོས་འདེམ་པའི་བྱ་འགུལ་སྤེལ་ཞིང་། རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་གློག་བརྙན་འཁྲབ་གཞུང་བརྩམས་ཆོས་བསྡུ་བ་ཡིན། དེར་མི་རིགས་ཀྱི་ཆ་དང་། སྒྱུ་རྩལ་གྱི་ཆ། བསམ་བློའི་རང་བཞིན། མཛེས་ཉམས་རང་བཞིན། འཚོ་བར་ཕྱོགས་པ་དང་། དངོས་ཡོད་ལ་ཕྱོགས་པ། མང་ཚོགས་དང་ཁ་ཕྱོགས་པ། དེ་མིན་དེང་རབས་ཀྱི་ཆ་དོད་པའི་གློག་བརྙན་འཁྲབ་གཞུང་བརྩམས་ཆོས་བཅས་ཡིན་དགོས།
བྱ་འགུལ་འདི་ནི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མི་རིགས་གློག་བརྙན་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས། པེ་ཅིང་གྲུང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་གློག་བརྙན་ཡིག་ཚགས་ཁང་། ཀྲུང་གོའི་གློག་བརྙན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ཞིང་། གཙོ་ཆེར་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དང་གྲངས་ཉུང་མི་རིགས་བརྗོད་བྱའི་ཕུལ་བྱུང་གློག་བརྙན་བརྩམས་ཆོས་ལ་རོགས་སྐྱོར་དང་། གྲངས་ཉུང་མི་རིགས་ཀྱི་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་ལ། གློག་བརྙན་འཕྲིན་སྒྱུ་རྩལ་གསར་སྐྲུན་དང་འགྲེམ་གཏོང་བྱེད་པར་བརྒྱུད། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཐབས་འཚོལ་ཞིབ་བྱེད་པ་ཡིན།
དྲ་གནས་འདིར་ཞིབ་ཏུ་གཟིགས་རོགས།