logo

བོད་ལྗོངས་ལྷོ་ཁའི་བོད་སྨན་ཁང་ཕྱོགས་བསྡུས་ཐོག་ཁང་འཛུགས་མགོ་བརྩམས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-11 ཀློག་གྲངས།:

         ཟླ11པའི་ཚེས6ཉིན། བོད་ལྗོངས་ལྷོ་ཁ་ས་ཁུལ་བོད་སྨན་གསོ་རིག་ལག་རྩལ་དང་ཕྱོགས་བསྡུས་ཐོག་ཁང་གཟབ་རྒྱས་ངང་འཛུགས་སྐྲུན་བྱེད་མགོ་བརྩམས།
         རྒྱུས་ལོན་བྱུང་བ་ལྟར་ན།  ལྷོ་ཁ་ས་ཁུལ་བོད་སྨན་ཁང་ནི་ཁུལ་ཡོངས་བོད་སྨན་ལས་རིགས་འཕེལ་རྒྱས་ཀྱི་སྔོན་ཐོན་དཔེ་ཚུལ་ཞིག་ཡིན་ཞིང་།  ལོ་དུ་མའི་རིང་ནད་པ་གཙིགས་སུ་བཟུང་བ་དང་བོད་སྨན་གྱི་ཁྱད་འཕགས་འདོན་སྤེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། སྨན་ཁང་གི་རྨང་གཞི་སྒྲིག་ཆས་དང་། དོ་དམ་ཆུ་ཚད། ཤེས་ཡོན་པའི་རུ་ཁག    ལག་རྩལ་ཆུ་ཚད། ཞབས་ཞུའི་ནུས་ཤུགས་བཅས་ཕྱོགས་སོ་སོ་ནས་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་།  བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་གལ་ཆེའི་དགོས་མཁོ་ལ་གཞིག་སྟེ་རྒྱལ་ཁབ་ལ་ལྷོ་ཁ་ས་ཁུལ་བོད་སྨན་ཁང་གསོ་རིག་ལག་རྩལ་དང་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་བྱེད་པར་ཡར་ཞུ་བྱས།
         ལྷོ་ཁ་ས་ཁུལ་བོད་སྨན་གསོ་རིག་ལག་རྩལ་དང་ཕྱོགས་བསྡུས་ཐོག་ཁང་གི་ལས་གཞི་ནི་ལྷོ་ཁ་ས་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་གལ་ཆེའི་འཛུགས་སྐྲུན་ལས་གཞི་ཞིག་ཡིན་ཞིང་། ལྷོ་ཁ་ས་ཁུལ་རོང་འབྲོག་མང་ཚོགས་ཀྱི་ནད་སྟོན་ཁོར་ཡུག་ལེགས་བཅོས་དང་།  སྨན་བཅོས་ལག་རྩལ་ཡར་འདེགས།  གསོ་བཅོས་འཕྲོད་བསྟེན་ལས་རིགས་འཕེལ་རྒྱས་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པར་སྐུལ་འདེད་ཆེན་པོ་ཐེབས་པ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།