ནོར་བུ་རྒྱ་མཚོའི་པར་འགྲེམ་གྱིས་བོད་ལྗོངས་ཀྱི་མཛེས་ཉམས་མངོན་པ།
ནོར་བུ་རྒྱ་མཚོའི་པར་འགྲེམ་གྱིས་བོད་ལྗོངས་ཀྱི་མཛེས་ཉམས་མངོན་པ།
མིག་སྔར། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པར་དགའ་བསུ་དང་རྟེན་འབྲེལ་ཞུ་བ་དང་། སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་རའི་ཕྱི་ནང་གི་དཔེ་རིས་པར་ལེན་སྒྱུ་རྩལ་རིག་གནས་འབྲེལ་འདྲིས་བཅས་བྱེད་པར། ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མི་རིགས་སྒྱུ་རྩལ་དོ་ར་ཞེས་པའི་དཔེ་རིས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བཞིན་ཡོད་ཅིང་། དེའི་ཁྲོད་དགེ་རྒན་ཆེན་མོ་ནོར་བུ་རྒྱ་མཚོའི་མི་སྒེར་འགྲེམ་ཁང་དུ་བཀྲམ་པའི་པར་རིས་བརྩམས་ཆོས27གྱིས་བོད་ལྗོངས་ཀྱི་མཛེས་ཉམས་ཡོངས་སུ་མངོན།
ཐེངས་འདིའི་དཔེ་རིས་འགྲེམ་སྟོན་དུ་བསྡོམས་པས་ཡིག་གཟུགས་དང་། རི་མོ། པར་ལེན་བརྩམས་ཆོས་བཅས400ལྷག་བསྡུས་ཤིང་། དེའི་ཁྲོད་དགེ་རྒན་ཆེན་མོ་ནོར་བུ་རྒྱ་མཚོའི་མི་སྒེར་འགྲེམ་ཁང་དུ་བཀྲམ་པའི་པར་རིས་བརྩམས་ཆོས27འདུས་ཏེ། ཕོ་བྲང་པོ་ཏ་ལའི་མཚན་ལྗོངས་ཞེས་པ་དང་། གསེར་འོད་ལྷ་མཚོ་རུ་འཕྲོས་པ། ཨ་ཕ། སྒྲོལ་མ་ཆུང་བ། དགའ་མགུ་སོགས་བརྩམས་ཆོས་ཀྱིས་གཟིགས་མོ་བའི་ཡིད་སེམས་དབང་མེད་དུ་བཀུག