གློག་བརྙན《རྟ་མགྲིན་བཟང་མོའི》འཁྲབ་སྟོན་པ་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-11-01
ཀློག་གྲངས།:
ཉེ་ལམ། རིམ་པ་གོང་མས་མཆོག་མཆན་ཐོབ་པ་བརྒྱུད་ནས། པེ་ཅིན་ཁ་བ་ཅན་གློག་བརྙན་ཚད་ཡོད་ཀུང་ཟིས་མི་འགྱངས་པར《རྟ་མགྲིན་བཟང་མོ།》ཞེས་པའི་གློག་བརྙན་པར་བཟོ་བྱ་རྒྱུའི་འཆར་གཞི་ཡོད་སྟབས། ཆེད་དུ་བུད་མེད་འཁྲབ་སྟོན་གཙོ་བོ་འདམས་བསལ་བྱ་རྒྱུ་རེད།
འཛོམས་དགོས་པའི་ཆ་རྐྱེན་ནི། འཁྲབ་སྟོན་ལ་མོས་འདུན་ཡོད་པ། ལོ་བཅོ་བརྒྱད་ནས་ཉེར་གསུམ་བར་དང་། འཁྲབ་སྟོན་གྱི་ཉམས་མྱོང་ཡོད་པ། བོད་སྐད་དང་བོད་ཡིག་ལ་བྱང་ཆ་ཡོད་པ། སྐྱེས་གཟུགས་ལེགས་ལ་ཁྱད་ཆོས་ཡོད་པ། དཀའ་ཚེགས་མྱོང་ཐུབ་པའི་བོད་རིགས་བུ་མོ་དག་གདམ་བསལ་ལ་ཞུགས་ཆོག
མོས་འདུན་ཡོད་པ་དག་གིས་རང་གི་ཉེ་ལམ་གྱི་དྲང་ངོས་དང་ཟུར་ངོས་གཉིས་ཀྱི་འདྲ་པར་དང་། རུས་མིང་། ཁ་པར་ཨང་གྲངས་བཅས་གཤམ་གྱི་ཡིག་སྒམ་འདིའི་ནང་སྐུར་བར་ཞུ།
འབྲེལ་གཏུགས་ཁ་པར།
18909781979
18697158893
13997231715
ཡིག་སྒམ། 906874295@qq.con
འབྲེལ་ཡོད་འོས་སྦྱོར།