དགའ་ལྡན་སུམ་རྩེན་གླིང་གི་ཚོགས་ཆེན་འདུ་ཁང་ལ་རབ་གནས་བྱེད་པའི་བྱེད་སྒོ་སྤེལ་བ།

དགའ་ལྡན་སུམ་རྩེན་གླིང་གི་ཚོགས་ཆེན་འདུ་ཁང་ལེགས་འགྲུབ་བྱུང་བ།
ཟླ10བའི་ཚེས28ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་མངའ་བའི་དགའ་ལྡན་སུམ་རྩེན་གླིང་གིས་དགོན་སྡེ་དེའི་ཚོགས་ཆེན་འདུ་ཁང་ལ་རབ་གནས་བྱེད་པའི་བྱེད་སྒོ་སྤེལ་བ་རེད། ཉིར་དེར་དགོན་པའི་གྲྭ་བཙུན་རྣམས་ཀྱིས་མཆོད་མེ་སྒྲོན་པ་དང་། ལྷ་བསང་གཏོང་བ། ཆོས་འདོན་པ་སོགས་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེན་པོ་སྤེལ་ནས་ཚོགས་ཆེན་འདུ་ཁང་ལེགས་འགྲུབ་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུ་བཞིན་མཆིས།

དགའ་ལྡན་སུམ་རྩེན་གླིང་།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ26ཡོད་ཅིང་། དེའི་ཁྲོད་སེམས་ཀྱི་ཉི་ཟླ་རྫོང་དུ་མངའ་བའི་དགའ་ལྡན་སུམ་རྩེན་གླིང་ནི་ཡུལ་དེའི་ཆེས་སྙན་གྲགས་ཆེ་བའི་དགོན་སྡེ་ཆེན་པོ་ཞིག་ཡིན་པར་མ་ཟད། ཁམས་ཀྱི་གླིང་བཅུ་གསུམ་གྱི་ཡ་གྱལ་ཡིན་པ་དང་། དགོན་པའི་བཀོད་པ་ཕོ་བྲང་པོ་ཏ་ལའི་བཟོ་བཀོད་ལ་དཔེ་བྱས་ཏེ་རྒྱབ་རི་ལ་བརྟེན་ནས་བཞེངས་འདུག་པས་ན། ཕོ་བྲང་པོ་ཏ་ལ་ཆུང་བ་ཞེས་ཀྱང་འབོད།
