logo

2012ལོའི་རྒྱལ་རོང་གི་མེ་ཏོག་ཅེས་པའི་བྱད་གཟུགས་འགྲན་སྡུར་མཇུག་རྫོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-30 ཀློག་གྲངས།:

金银花得主合影
གསེར་གྱི་མེ་ཏོག་དང་དངུལ་གྱི་མེ་ཏོག་ཐོབ་མཁན་གྱི་འགྲན་ཞུགས་པ་རྣམས།

  ཟླ10བའི་ཚེས28ཉིན། 2012ལོའི་སི་ཁྲོན་རོང་བྲག་རྒྱལ་རོང་གི་བོད་ཀྱི་གོམས་སྲོལ་དུས་ཆེན་ལས་རྒྱལ་རོང་གི་མེ་ཏོག་ཅེས་པའི་བྱད་གཟུགས་འགྲན་སྡུར་མཇུག་རྫོགས་ཤིང་། འགྲན་སྡུར་སྟེང་འགྲན་ཞུགས་པ20ཁྲོད་ཨང་རྟགས7པའི་འགྲན་ཞུགས་པ་ཡཱང་ཁྲིན་ཞེས་པས་སྙན་འགྱུར་སྒྲ་འཛིན་གྱི་བཅུད་ལེན་པར་བྱེད་པའི་སྙན་གླུ་ཞིག་ཕུལ་བས། གསེར་གྱི་མེ་ཏོག་ཅེས་པའི་མཚན་སྙན་ཁོ་མོར་ཐོབ་པ་དང་། ཨང་རྟགས15བ་ཞཱོང་ཞའེ་ལེ་དང་ཨང་རྟགས8པ་ཨ་བརྟན་གཉིས་ལ་དངུལ་གྱི་མེ་ཏོག་གི་མཚན་སྙན་ཐོབ་པ་རེད།


འགྲན་ཞུགས་པ་ཞཱོང་ཞའེ་ལེ་ལ་དངུལ་གྱི་མེ་ཏོག་ཅེས་པའི་མཚན་སྙན་ཐོབ།

འགྲན་ཞུགས་པ་སྐལ་བཟུང་ལྷ་མོ་ལ་སེ་འབྲུ་མེ་ཏོག་ཅེས་པའི་མཚན་སྙན་ཐོབ།

  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་སྡུར་སྟེང་གསེར་གྱི་མེ་ཏོག་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྒོར10000དང་། དངུལ་གྱི་མེ་ཏོག་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྒོར8000། སེ་འབྲུ་མེ་ཏོག་གི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྒོར6000། བསྐྱར་འགྲན་ཁྲོད་ཚུད་པའི་ཕུལ་བྱུང་འགྲན་ཞུགས་པ14ལ་བྱ་དགའ་སྒོར2000བཅས་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།