logo

གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་། རིག་དངོས། རིག་གནས་མུ་འབྲེལ་འགྲེམ་སྟོན་ལས་བོད་ལྗོངས་ཀྱི་ཁག་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-27 ཀློག་གྲངས།:

              ཟླ10བའི་ཚེས25ཉིན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་། རིག་དངོས། རིག་གནས་ཀྱི་མུ་འབྲེལ་འགྲེམ་སྟོན་ལས་བོད་ལྗོངས་ཀྱི་ཁག་དེ་ཀྲུང་གོའི་ཡི་གེའི་དངོས་མང་བཤམས་སྟོན་ཁང་དུ་འགོ་བརྩམས་པ་རེད།
              ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་། རིག་དངོས། རིག་གནས་བཅས་ཀྱི་མུ་འབྲེལ་འགྲེམ་སྟོན་ལས་བོད་ལྗོངས་ཀྱི་ཁག་ཏུ་བསྟན་བཅོས་དང་། ལྷ་སྐུ། ཆོས་ཀྱི་ཡོ་བྱད། ཐང་ག  གྱོན་ཆས། ཡུལ་སྲོལ་བཅས་ནང་ཚན་དྲུག་ཏུ་བཀར་འདུག་ཅིང་། ཁྱོན་སྡོམ་རིགས162ཀྱི་རིག་དངོས237འདུས་ལ། འགྲེམ་སྟོན་གྱི་དུས་ཡུན་ནི་ཟླ3ལ་རེད།
              ཐེངས་འདིའི་འགྲེམ་སྟོན་ནི་ཀྲུང་གོའི་ཡི་གེའི་དངོས་མང་བཤམས་སྟོན་ཁང་གིས་སྤེལ་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་། རིག་དངོས། རིག་གནས་བཅས་ཀྱི་མུ་འབྲེལ་འགྲེམ་སྟོན་ལེའུ་དྲུག་པ་ཡིན་ཞིང་། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དང་མཉམ་འབྲེལ་བྱས་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་གངས་རིའི་ལྗོངས་ཀྱི་གཟི་དཔལ་ཡོངས་སུ་ངོམ་སྟེ་མི་དམངས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བཏང་བ་རེད།
 


འབྲེལ་ཡོད་འོས་སྦྱོར།