logo

པེ་ཅིང་གི་དམངས་གཉེར་ཁེ་ལས་པས་བསང་ཆུའི་སློབ་ཆུང་ཞིག་ལ་རྩིས་འཁོར་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-27 ཀློག་གྲངས།:

同学们正在搬运电脑(窦阳 摄).
སློབ་མ་རྣམས་ཀྱིས་རྩིས་འཁོར་སྐྱེལ་བཞིན་པ།

སློབ་མ་རྣམས་ཀྱིས་རྩིས་འཁོར་སྤྱོད་བཞིན་པ།

              ཉེ་ཆར། པེ་ཅིང་གི་དམངས་གཉེར་ཁེ་ལས་པ་ཞིག་གིས་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཡར་རུ་རྒྱུད་བཅའ་སྡོད་སློབ་ཆུང་ལ་རྩིས་འཁོར45དང་སློབ་ཁྲིད་ཀྱི་སྒྲིག་བཀོད་བཅས་གནང་བ་རེད། 
              ཡར་རུ་རྒྱུད་བཅའ་སྡོད་སློབ་ཆུང་ནི1958ལོར་བཙུགས་པ་དང་། སློབ་གྲྭ་དེ་གར་བོད་ཡིག་གཙོར་བྱས་ཐོག རྒྱ་ཡིག་སོགས་ཟུར་དུ་ཁྲིད་ཀྱིན་པའི་མི་རིགས་བཅའ་སྡོད་སློབ་ཆུང་ཞིག་ཡིན་ཞིང་། སློབ་གྲྭ་ཡོངས་སུ་སློབ་མ742ཡོད་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན་ཉེ་བའི་ལོ་ནང་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་འོག་སློབ་ཁྲིད་ཀྱི་ཆ་རྐྱེན་ལ་ཇེ་ལེགས་དང་། སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོ་རུ་སོང་བ་རེད།


འབྲེལ་ཡོད་འོས་སྦྱོར།