logo

སྐབས་ལྔ་བའི་བོད་ཀྱི་གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་གྲོས་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-24 ཀློག་གྲངས།:

སྐབས་ལྔ་བའི་བོད་ཀྱི་གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་གྲོས་ཚོགས།
སྐབས་ལྔ་བའི་བོད་ཀྱི་གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ་
སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་གྲོས་ཚོགས།

         ཟླ10བའི་ཚེས22ཉིན། སྐབས་ལྔ་བའི་བོད་ཀྱི་གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ་སྐོར་གྱི་རྒྱལ་སྤྱིའི་དཔྱད་གླེང་གྲོས་ཚོགས་དེ་པེ་ཅིང་ཧྲུན་དབྱི་མགྲོན་ཁང་དུ་སྤེལ་ཞིང་། རྒྱལ་སའི་དགེ་ཐོན་སློབ་ཆེན་དང་།  གནའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་།  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས། ཝེ་ཡེ་ནཱ་སློབ་ཆེན་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བ་དང་། རྒྱལ་སའི་དགེ་ཐོན་སློབ་ཆེན་མཛེས་རྩལ་སློབ་གླིང་བོད་རྒྱའི་ནང་བསྟན་མཛེས་རྩལ་ཞིབ་འཇུག་ཁང་གིས་འགན་སྒྲུབ་མཛད།


ཚུགས་འདུའི་ཟུར་ཞིག

         རྒྱུས་ལོན་པ་ལྟར་ན།  རྒྱལ་སྤྱིའི་ཚོགས་འདུ་འདི་ནི་ལོ་གསུམ་གྱི་ནང་ཐེངས་གཅིག་ལ་ཚོགས་ཀྱི་ཡོད་ཅིང་། བོད་རྒྱའི་ནང་བསྟན་མཛེས་རྩལ་དང་བོད་ཀྱི་གནའ་རྫས་རྟོག་ཞིབ་ཐད་ཕན་ཚུན་འབྲེལ་འདྲིས་དང་མཉམ་འབྲེལ་བྱེད་པ་ཡིན། དེ་ཡང་རིག་གཞུང་ཁྱབ་ཁོངས་ཀྱི་རྒྱུ་ཆ་གསར་བ་དང་ཆ་འཕྲིན་གསར་བ་འབྲེལ་འདྲིས་སྒོས་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་རྣམས་ལ་རང་སོ་སོའི་རིག་གཞུང་ལྟ་ཚུལ་འདོན་པ་དང་།  རིག་གཞུང་གྲུབ་འབྲས་མཉམ་སྤྱོད། རིག་གཞུང་འབྲེལ་བ་ཇེ་དམ་དུ་བྱེད་པའི་རྒྱལ་སྤྱིའི་རིག་གཞུང་གླེང་སྟེགས་ཤིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།