logo

《གློག་བརྙན་ལོ་རྒྱུས་ལས་འཕྲོས་པའི་གཏམ 》ཞེས་པའི་འཆད་ཁྲིད་གནང་བ།

རྩོམ་པ་པོ།:ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-21 ཀློག་གྲངས།:


འཆད་ཁྲིད་ལ་མདོ་འཛིན་གནང་བཞིན་པ།阿米罗罗影视
སྐུ་ཞབས་ཀླུ་རྒྱལ་ར་ཏི་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

         ཉེ་ཆར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པས་པེ་ཅིན་གློག་བརྙན་སློབ་གླིང་དུ་འཁྲབ་ཁྲིད་པའི་ཆེད་ལས་ལ་སློབ་གཉེར་གནང་བཞིན་པའི་སྐུ་ཞབས་ཀླུ་རྒྱལ་ར་ཏི་ལགས་གདན་དྲངས་ཏེ། སློབ་གྲྭ་དེ་གའི་ཁྲིམས་རིག་ཚོམས་ཁང་དུ་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་སྐོར་ལ་མོས་པ་ཟབ་པའི་སློབ་གྲོགས་བརྒྱ་ཕྲག་གསུམ་བཞི་ཙམ་ལ་འཛམ་གླིང་གློག་བརྙན་གྱི་ལོ་རྒྱུས་ཀྱི་བྱུང་བ་དང་འཕེལ་རིམ་སྐོར་གླེང་སྟེ་ཆུ་ཁོལ་ཁོལ་ལ་མེ་འབར་འབར་གྱི་དཔེ་བཞིན་བོད་ཀྱི་གློག་བརྙན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་ལ་ཟབ་གསལ་མྱུར་གསུམ་གྱི་རིགས་པས་ཀུན་ལ་ངོ་ཞིབ་མོར་སྤྲད་སོང་། དེའི་རྗེས་ཁོང་གི་བརྙན་ཐུང་གངས་རིའི་རྔ་སྒྲ་དང་ཉེས་དམིགས་ཞེས་པ་གཉིས་བསྟན་ཏེ་དྲི་བ་དྲིས་ལན་གྱི་རྣམ་པས་བགྲོ་གླེང་ཡང་གཟབ་རྒྱས་གནང་ངོ།།


ཚོགས་རའི་ཡུལ་དངོས།

གློག་བརྙན་དང་འབྲེལ་བའི་བགྲོ་གླེང་སྤེལ་བཞིན་པ།


འབྲེལ་ཡོད་འོས་སྦྱོར།