logo

རྨ་ཡུལ་མགོ་ལོག་ཅེས་པའི་གནས་སྐོར་མཚོན་རྟགས་སྔར་ལས་རྒྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-17 ཀློག་གྲངས།:

年保玉则
མགོ་ལོག་གཅིག་སྒྲིལ་ཁོངས་སུ་མངའ་བའི་གཉན་པོ་གཡུ་རྩེའི་མཛེས་ལྗོངས།

  རྒྱལ་འཛུགས་དུས་ཆེན་གྱི་སྐབས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་སོ་སོའི་གནས་སྐོར་བ་ཇེ་མང་དུ་ཕྱིན་པ་སྟེ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བསྡོམས་པས་མི་ཐེངས5500སྣེ་ལེན་བྱས་པ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་ཁྲི293.5ཐོན་པས། དུས་མཉམ་ལས36%དང37.5%ཡིས་འཕར་སྣོན་བྱུང་བ་རེད། 
  ཉེ་བའི་ལོ་ནང་མགོ་ལོག་ཁུལ་གནས་སྐོར་ཅུས་གནས་སྐོར་མཛེས་ལྗོངས་ལ་འཛུགས་སྐྲུན་དང་ཁྱབ་སྒྲོག་ལ་ཤུགས་བསྣན་པས་གནས་སྐོར་རྨང་གཞིའི་སྒྲིག་བཀོད་དང་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱུང་། རྨ་ཡུལ་མགོ་ལོག་ཏུ་སོང་སྟེ་མཛེས་པའི་མཚོ་སྔོན་ལ་གཟིགས་པ་སོགས་ཀྱི་གནས་སྐོར་ཁྱབ་སྒྲོག་བྱ་འགུལ་བརྒྱུད་ནས་གཉན་པོ་གཡུ་རྩེ་དང་། ཨ་མྱེས་རྨ་ཆེན། རྨ་ཆུའི་མགོ་ཁུངས། གེ་སར་རིག་གནས་སོགས་ཁྱད་དུ་འཕགས་པའི་གནས་སྐོར་ཐོན་ཁུངས་ཁྱབ་སྒྲོག་རྒྱ་ཆེན་པོ་བྱས་པས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་བོ་ཡུལ་དེར་བཀུག་ནས་རྨ་ཡུལ་མགོ་ལོག་ཅེས་པའི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།