ཀརྨ་རྡོ་རྗེ་ཚེ་རིང་ལ་སྐབས34བའི་རྒྱལ་སྤྱིའི་གཉེར་དེབ་འགྲེམ་སྟོན་སྟེང་བྱ་དགའ་ཨང་བཞི་བ་ཐོབ།

ཀརྨ་རྡོ་རྗེ་ཚེ་རིང་ལ་སྐབས34བའི་རྒྱལ་སྤྱིའི་གཉེར་དེབ་
འགྲེམ་སྟོན་སྟེང་བྱ་དགའ་ཨང་བཞི་བ་ཐོབ།
ཉེ་ལམ། ལོ་གཉིས་ལ་ཐེངས་གཅིག་ཏུ་བསྡུས་པའི་རྒྱལ་སྤྱིའི་གཉེར་དེབ་མཉམ་འབྲེལ་ཚོགས་ཆེན་དང་སྐབས34བའི་རྒྱལ་སྤྱིའི་གཉེར་དེབ་འགྲེམ་སྟོན་གྱི་བྱ་འགུལ་དེ་ཧྥུན་ལན་རྒྱལ་ཁབ་ཀྱི་ངལ་གསོ་སྤྲོ་གནས་ཏེ་ནན་ཐཱ་ལེ་ཞེས་པར་བསྡུས་ཤིང་། ཐེངས་འདིའི་འགྲན་བསྡུར་དུ་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ41གི་སྒྱུ་རྩལ་པ553གྱི་འགྲན་ཞུགས་བརྩམས་ཆོས1768ཡོད་ལ། རྒྱལ་སྤྱིའི་གཉེར་དེབ་སྒྱུ་རྩལ་པའི་ཚོགས་ཆེན་ཞིག་རེད།

ཀརྨ་རྡོ་རྗེ་ཚེ་རིང་ལ་སྐབས34བའི་རྒྱལ་སྤྱིའི་གཉེར་དེབ་འགྲེམ་
སྟོན་སྟེང་བྱ་དགའ་ཨང་བཞི་བ་ཐོབ།
འགྲེམ་སྟོན་སྟེང་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་གཅིག་རེ་སྟེ་སོ་སོ་ནི་ཉི་ཧོང་གིTomura Shigekiདང་། ཧྥ་རན་སིའིHlodec Elena། ཕོ་ལན་རྒྱལ་ཁབ་ཀྱི་སྒྱུ་རྩལ་པPasztula Krzysztofབཅས་ལ་ཐོབ་པ་དང་། བྱ་དགའ་ཨང་བཞི་བ་ནི་གསུམ་ཏེ་ཨར་ཇི་ལེ་ཡ་རྒྱལ་ཁབ་ཀྱིKleiner Dianaདང་། ཧྥུན་ལན་རྒྱལ་ཁབ་ཀྱིLaine Janne། ཀྲུང་གོའི་ཀརྨ་རྡོ་རྗེ་ཚེ་རིང་བཅས་ལ་ཐོབ། བྱ་དགའ་ཨང་ལྔ་བ་ལྔ་སྟེ་ཀྲུང་གོའི་མི་གསུམ་ལ་ཐོབ་པ་དང་། བྱ་དགའ་ཨང་དྲུག་པ་བཅུ་སྟེ་ཀྲུང་གོའི་མི་ལྔ་ལ་ཐོབ།
ཟུར་བཀོད།
བོད་རིགས་ན་གཞོན་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང་ནི་མི་རིགས་དཔེ་སྐྲུན་ཁང་གི་མཛེས་རྩལ་རྩོམ་སྒྲིག་པ་ཡིན་ཞིང་། 1963ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ནང་ཆེན་རྫོང་དུ་སྐྱེས། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་མཛེས་རྩལ་ཡར་སྐུལ་ཚོགས་པའི་འགན་འཛིན་པ་བཅས་ཡིན། རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་འགྲེམ་སྟོན་སོགས་སུ་ཐེངས་གང་མང་ལ་ཞུགས་པ་མ་ཟད་བྱ་དགའ་ཡང་མི་ཉུང་བ་ཐོབ་མྱོང་། དེ་མིན་ཀྲུང་དབྱང་བརྙན་འཕྲིན་ཁང་རྒྱལ་སྤྱིའི་ལེ་ཚན་གྱིས《བོད་རིགས་ན་གཞོན་རི་མོའི་སྒྱུ་རྩལ་པ་ཀརྨ་རྡོ་རྗེ་ཚེ་རིང》ཅེས་པའི་ཆེད་དོན་སྤེལ་མྱོང་བ་རེད།
