logo

ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་ཟླ10བའི་ཚེས5ཉིན་སྤེལ་ངེས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-19 ཀློག་གྲངས།:

雅鲁藏布大峡谷文化旅游节
ཉིང་ཁྲི་ས་ཁུལ་གྱི་མཛེས་ལྗོངས་ཏེ་ཡར་ཀླུང་གཙང་པོའི་ཁུག་སོ་ཆེན་མོ།

  རྒྱུས་ལོན་བྱུང་བ་ལྟར་ན2012ལོའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་སྐབས་བརྒྱད་པ་དེ་ཟླ10བའི་ཚེས5ཉིན་བརྒྱད་གཅིག་གྲོང་རྡལ་ནས་སྤེལ་རྒྱུ་རེད།
  ཐེངས་འདིའི་རིག་གནས་གནས་སྐོར་དུས་ཆེན་གྱིས“གསེར་མདོག་གི་སྟོན་ཁ། ཡིད་དུ་འོང་བའི་ཉིང་ཁྲི།”ཞེས་པ་བརྗོད་གཞིར་བྱས་ནས་ཐོན་རྫས་འགྲེམ་འཚོང་དང་། རོང་འབྲོག་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་བྱ་དགའ་གནང་བའི་དགོང་ཚོགས། ཡིག་རིས་བརྙན་པར་འགྲེམ་སྟོན། ཀླུ་ནང་ལ་བསྐོར་བའི་ལྕགས་རྟ་འགྲན་རྒྱུགས་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་རྒྱུ་ཡིན་ཅིང་། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྐོར་འདུ་ཤེས་ཁྱབ་སྒྲོག་བྱེད་པ་དང་། བྱ་འགུལ་ཉིན་བདུན་ལ་སྤེལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།