logo

ཐེམ་ཆེན་རྫོང་སློབ་གསོ་ཅུའུ་ཡིས་གཞི་རྒྱ་ཆེ་བའི་ངང་ནས་དགེ་རྒན་དུས་ཆེན་ལ་རོལ་བ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། བོང་སྟག་རི་ལ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-17 ཀློག་གྲངས།:

ཐེམ་ཆེན་རྫོང་སློབ་གསོ་ཅུའུ་ཡིས་གཞི་རྒྱ་ཆེ་བའི་ངང་ནས་དགེ་རྒན་དུས་ཆེན་ལ་རོལ་བ།
མདོ་འཛིན་གནང་བཞིན་པ།

         ཉེ་ཆར། ཐེམ་ཆེན་རྫོང་གིས་སྐབས་ཉེར་བརྒྱད་པའི་དགེ་རྒན་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་དེ་ཐེམ་ཆེན་རྫོང་གི་གློག་གཟུགས་ཁང་དུ་བསྡུས་པ་དང་། ཐེམ་ཆེན་རྫོང་གི་སློབ་གྲྭ་ཡོངས་གཅིག་གྱུར་གྱི་ངང་ནས་དགེ་རྒན་དུས་ཆེན་ལ་རོལ་ཞིང་།དུས་ཆེན་གྱི་སྟེང་ནས་ཐོག་མར་རིག་རྩལ་འཁྲབ་སྟོན་དང་། འགོ་ཁྲིད་ཀྱི་གཏམ་བཤད། ཕུལ་བྱུང་དགེ་རྒན་དང་ལས་བཟོ་བར་གཟེངས་རྟགས་ཕུལ་ནས་སྐབས་ཉེར་བརྒྱད་པའི་དགེ་རྒན་དུས་ཆེན་དེ་སྤྲོ་སྐྱིད་དང་རྒྱལ་ཁའི་ངང་ནས་ཚོགས།


གཟེངས་རྟགས་ཐོབ་པའི་སྔོན་ཐོན་མི་སྣ་དང་དགེ་རྒན།

         དེ་ཡང་ཐེམ་ཆེན་རྫོང་ལ་མཚོན་ན་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་ལ། རྫོང་འདིའི་སློབ་གསོའི་ལས་དོན་དེ་སྔོན་ཆད་ཅུང་རྗེས་ལུས་སུ་འདུག་ན་ཡང་། ཉེ་བའི་ལོ་འདི་འགའི་རིང་ལ། སློབ་གསོའི་ལས་དོན་དེ་གཙིགས་སུ་བཟུང་ནས་སྒྲུབ་པས། སློབ་གསོའི་བྱ་བ་དེ་ཉིན་རེ་ནས་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། ལྷག་ཏུ། ཐེམ་ཆེན་རྫོང་གི་ལོ་བཅོ་ལྔར་སློབ་རིན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་པ་དེས་རྫོང་ཡོངས་ཀྱི་སློབ་གསོ་བཅོས་སྒྱུར་དང་སློབ་གསོའི་ཐོན་ཁུངས་ཕྱོགས་ནས་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཚུལ་ཡོད།


དགེ་རྒན་དུས་ཆེན་ལ་ཕུལ་བའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས།

         སྣང་ཚུལ་འདི་ལས་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་དགེ་རྒན་ལ་བཀུར་བ་དང་སློབ་གསོ་གཙོར་འཛིན་པའི་གོམས་སྲོལ་ལེགས་པོ་དེ་དར་སྤེལ་བྱེད་པར་སྐུལ་སློང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སློབ་གསོ་ལ་མཐོང་ཆེན་བྱེད་པ་དང་། སློབ་གསོ་ལ་དོ་ཁུར་བྱེད་པ། སློབ་གསོ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གྲུབ་ཡོད་ལ། ཧུར་བརྩོན་སྒོས་ཚད་ལྡན་དགེ་རྒན་གྱི་དཔུང་ཁག་ཞིག་འཛུགས་སྐྲུན་བྱས་ཏེ། ཐེམ་ཆེན་རྫོང་གི་སློབ་གསོ་འཕེལ་རྒྱས་ཀྱི་ཐད་ནས་བྱས་རྗེས་གསར་བ་ཞིག་བཏོན་ཡོད།


དགེ་རྒན་དུས་ཆེན་ལ་གླུ་གཞས་ཕུལ་བ།

         ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ལ་སྔ་ན་མེད་པའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་ལ། དགེ་སློབ་མང་པོས་དགེ་རྒན་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ལས། རྫོང་གི་དཔལ་ཡོན་གྱི་རྣམ་པ་དང་དམངས་ཀྱི་བསམ་བློ་ཡི་འདུ་ཤེས་མཐོར་འདེགས་སུ་འགྲོ་བཞིན་པ་མཐོང་ཡོང་ལ། ལྷག་ཏུ་སྟོན་ཟླ་དགུ་བའི་སྨོན་འདུན་དང་། སྟོན་ཟླ་དགུ་བའི་བསྟོད་གླུ། སྟོན་ཟླ་དགུ་བའི་མགྲིན་དབྱངས་སོགས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་རེ་རེ་ལས། ཐེམ་ཆེན་རྫོང་གི་ལྗིད་ཏིག་ཏིག་གི་སློབ་གསོའི་འབྲས་བུ་མཐོང་ཡོང་།


འབྲེལ་ཡོད་འོས་སྦྱོར།