logo

ཕ་སྐད་གཙང་མའི་སྤྲོ་ཚོགས༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽སྐབས་བཞི་བའི་རིག་རྩལ་ལེ་ཚན་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-16 ཀློག་གྲངས།:

极地圣音节目征集通知

            
              ཕ་སྐད་གཙང་མའི་སྤྲོ་ཚོགས་ཆེན་མོ༼གངས་ཆབ་ཟེགས་མའི་འགྱུར་ཁུགས༽སྐབས་བཞི་བའི་རིག་རྩལ་ལེ་ཚན་བསྡུ་བའི་ཆ་རྐྱེན་དང་དུས་ཚོད། འབྲེལ་གཏུག་བྱ་ཡུལ་སོགས་གཤམ་གསལ་ལྟར། 
              1. ལེ་ཚན་གྱི་རྣམ་པ། དམངས་གླུ་དང་དཀྲོལ་ལེན། ཁ་ཤགས། གླུ་དབྱངས་གང་རུང་།
              2. གླུ་ཚིག  གླུ་ཚིག་བོད་ཡིག་ཡིན་དགོས་ལ་ནང་དོན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་མི་ཆོག མདོ་དབུས་ཁམས་གསུམ་གྱི་སྐད་གང་རུང་ཡིན་ཆོག
              3. གྱོན་ཆས། སྲོལ་རྒྱུན་གྱི་བོད་ལྭ་གྱོན་དགོས་པ་ལས་དེང་རབས་ཀྱི་ཆ་ལུགས་བསྲེས་མའི་གྱོན་ཆས་གྱོན་མི་ཆོག
              4. ལོ8ནས15བར་གྱི་བྱིས་པ་དང་དབང་བོ་སྐྱོན་ཅན་ལ་དམིགས་བསལ་ཡོད།
              5. དུས་ཚོད། 2012ལོའི་སྤྱི་ཟླ10པའི་ཚེས6ཉིན་བསྡུ་མཚམས་འཇོག་རྒྱུ། 2012ལོའི་སྤྱི་ཟླ10པའི་ཚེས13ཉིན་སྤྲོ་ཚོགས་ཀྱི་མཛད་སྒོ་སྤེལ་རྒྱུའོ།
              6. ཡིག་ཟམ། 107089479@qq.com
                  གླུ་བསྐུར་སྐབས་ངེས་པར་དུ་གླུ་ཚིག་དང་གླུ་དབྱངས་གཉིས་ཀ་ཚང་དགོས།
              7. འབྲེལ་གཏུགས་བྱ་ཡུལ།
                  རྨ་ཆུའི་འཇའ་བྷེ། 18709418888
                  དངུལ་རྭ་རྟ་མགྲིན་ཚེ་རིང་། 13893957771
 
                                                                                       2012ལོའི་ཟླ9བའི་ཚེས10ཉིན། 
                                                                                       སྤྲོ་ཚོགས་གཙོ་སྒྲུབ་ཚན་ཆུང་ནས།


འབྲེལ་ཡོད་འོས་སྦྱོར།