གཅན་ཚའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་སྐབས་གཉིས་པ་འགོ་བརྩམས་པ།
འགོ་རྩོམ་མཛད་སྒོའི་སྟེང་གཡང་མདའ་འདྲེན་བཞིན་པ།
འགྲན་ཞུགས་པ་རྣམས་ཀྱིས་མདའ་འཕེན་བཞིན་པ།
ཟླ9བའི་ཚེས8ཉིན། 2012ལོའི་གཅན་ཚའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་འགྲན་སྡུར་རམ་མདའ་སྟོན་རིག་གནས་དུས་ཆེན་དང་། གཡང་མདའ་རྟགས་མའི་ཀྲུང་གོའི་སློབ་ཆེན་པའི་སྤྲོ་སྐྱིད་ཁང་སྲོལ་རྒྱུན་གཞུའི་འགྲན་སྡུར་གྱི་འགོ་རྩོམ་མཛད་སྒོ་གཅན་ཚ་ནས་བསྡུས་ཤིང་། འབྲེལ་ཡོད་ཀྱི་འགོ་ཁྲིད་རྣམས་མཛད་སྒོའི་སྟེང་ཞུགས་པ་རེད།
ཐེངས་འདིའི་འགྲན་སྡུར་སྟེང་པར་ཙི་དང་ཨ་རི་སོགས་ཀྱི་རྒྱལ་ཕྱིའི་རུ་ཁག་དང་། སློབ་ཆེན་པའི་རུ་ཁག རྒྱལ་ཁབ་དང་ཞིང་ཆེན་ཕྱི་ནང་གི་རུ་ཁག་གི་མདའ་བ897ལྷག་ཞུགས་ཡོད་ཅིང་། ཟླ9བའི་ཚེས8ཉིན་ནས་ཚེས11ཉིན་བར་དུ་གཞུ་འཁོར་ལོ་མ་དང་། སྲོལ་རྒྱུན་གཞི། གཞུ་རྩེ་བཀུག་མ་བཅས་ཀྱི་འགྲན་སྡུར་སྤེལ་བ་རེད།
ཐེངས་འདིའི་འགྲན་སྡུར་གྱིས་རྒྱལ་ཁབ་ཕྱི་ནང་གི་མདའ་བ་རྣམས་ལ་ཕན་ཚུན་བརྗེ་རེས་དང་རྩད་སྡུར་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཏེ་རྒྱལ་ཁབ་དང་མི་རིགས་བར་གྱི་རིག་གནས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བྱས་ཐོག མི་རིགས་སྲོལ་རྒྱུན་མདའ་རྩེད་དང་མི་རིགས་ཀྱི་མདའ་འཕེན་རིག་གནས་དར་སྤེལ་དུ་བཏང་སྟེ་མཚོ་སྔོན་གྱི་རྒྱལ་སྤྱིའི་མཚོན་རྟགས་ཀྱི་འགྲན་སྡུར་བཞི་བ་བསྐྲུན་པར་དོན་སྙིང་ཆེན་པོ་ལྡན་པ་རེད།
འགྲན་ཞུགས་པ་རྣམས་ཀྱིས་མདའ་འཕེན་བཞིན་པ།
འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་དང་འཁྲབ་སྟོན་པ་རྣམས་མཉམ་དུ་པར་སྐྱོན་བཞིན་པ།