2012ལོའི་བོད་ཡུལ་གྱི་གླུ་གཞས་མཐོ་རིམ་གླེང་སྟེགས་བསྡུས་པ།

2012ལོའི་བོད་ཡུལ་གྱི་གླུ་གཞས་མཐོ་རིམ་གླེང་སྟེགས་སྟེང་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།、金珠卓玛在论坛开始前演唱歌曲《深情的弦子》。.jpg)
བོད་ཀྱི་གླུ་མ་བཅིངས་གྲོལ་སྒྲོལ་མ་དང་བཀྲ་ཤིས་ལྷ་འཛོམས་གཉིས་ཀྱིས་གླེང་སྟེགས་སྟེང་སྙན་གླུ་འབུལ་བཞིན་པ།
ཟླ8པའི་ཚེས18ཉིན། 2012ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་བྱ་འགུལ་ཁག་ཅིག་སྟེ“བོད་ཡུལ་གྱི་འགྱུར་ཁུག”2012ལོའི་བོད་ཡུལ་གྱི་གླུ་གཞས་མཐོ་རིམ་གླེང་སྟེགས་དེ་བོད་ལྗོངས་ལྷ་ས་རུ་བསྡུས་པ་རེད།
བོད་ཀྱི་གླུ་གཞས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་། རིག་གནས་པ། གླུ་བ་སོགས་ལྷན་དུ་འཛོམས་ཏེ་བོད་ཀྱི་གླུ་གཞས་ཀྱི་སྲུང་སྐྱོབ་དང་། ལེགས་བཅོས། ཁྱབ་བརྡལ་དུ་གཏོང་བ་སོགས་ཀྱི་ཐད་ནས་གྲོས་མོལ་གནང་བ་རེད། ཐེངས་འདིའི་གླེང་སྟེགས་ནི་ལྷ་སའི་ཞོ་སྟོན་དུས་ཆེན་སྟེང་སྤེལ་བའི་གླུ་གཞས་བརྗོད་གཞིར་བྱས་པའི་ཆེད་དོན་རིག་གནས་གླེང་སྟེགས་ཐོག་མ་ཡིན་ཅིང་། འདིའི་དམིགས་འབེན་ནི་བོད་ཀྱི་གླུ་གཞས་འཛིན་སྤེལ་དང་། ཞོ་སྟོན་དུས་ཆེན་གྱི་རིག་གནས་བརྗོད་བྱ་ཕུན་སུམ་ཚོགས་པར་གཏོང་བ་དེ་ཡིན།
