“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་འགོ་རྩོམ་ལ་ཉེ།
“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར།
གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་སྐབས་གཉིས་པ་དེ་ཟླ9པའི་ཚེས6ཉིན་ནས་ཚེས11ཉིན་བར་དུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་སྤེལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་སྡུར་དམངས་ཁྲོད་ཀྱི་མདའ་རྩེད་སྲོལ་ལུགས་ལྟར་སྤེལ་རྒྱུ་ཡིན་ཅིང་། འགྲན་སྡུར་གྱི་རྣམ་གྲངས་ལ་གཞུ་འཁོར་ལོ་མའི་མདའ་བ་མི20ཡི་རུ་ཁག་དང་། གཞུ་འཁོར་ལོ་མའི་མདའ་བ་མི5ཡི་རུ་ཁག སྲོལ་རྒྱུན་གཞུའི་མདའ་བ་མི20ཡི་རུ་ཁག སྲོལ་རྒྱུན་གཞུའི་མདའ་བ་མི5ཡི་རུ་ཁག གཞི་རྩེ་བཀུག་མའི་མདའ་བ་མི20ཡི་རུ་ཁག གཞི་རྩེ་བཀུག་མའི་མདའ་བ་མི5ཡི་རུ་ཁག་བཅས་ཁག་དྲུག་ཏུ་བགོས་འདུག
ཐེངས་འདིའི་འགྲན་སྡུར་སྟེང་པར་ཙི་དང་ཕོ་ལན། འཇར་མན། ཧྥ་རན་སི། ཁོ་རེ་ཡ། མ་ལེ་ཞི་ཡ། དབྱིན་ཇི། ཐུར་ཁེ། ཧང་ག་རི་སོགས་རྒྱལ་ཕྱིའི་རུ་ཁག12དང་། ཞིང་ཆེན་ཕྱིའི་རུ་ཁག15། སློབ་ཆེན་པའི་རུ་ཁག6། དེ་མིན་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོ་ནས་ཡོང་བའི་རུ་ཁག་སོགས་ཞུགས་རྒྱུ་རེད།
ཐེངས་འདིའི་འགྲན་སྡུར་ཁྲོད་གཞུ་འཁོར་ལོ་མ་དང་། སྲོལ་རྒྱུན་གཞུ། གཞུ་རྩེ་བཀུག་མ་བཅས་སུ་ཚོགས་པའི་བྱ་དགའ་ཨང་རིམ་གསུམ་དུ་བགར་ནས་རིམ་པ་ལྟར་སྒོར་ཁྲི5དང་། ཁྲི3། ཁྲི1བཅས་ཀྱི་བྱ་དགའ་གནང་རྒྱུ་རེད། དེ་མིན་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་དང་ལུས་རྩལ་སྤྱོད་བཟང་གི་བྱ་དགའ་སོགས་གནང་རྒྱུ་རེད།