སྲོལ་རྒྱུན་རིག་གནས་ཀྱི་བཅུད་ལས་བྱུང་བའི་མིག་གི་དགའ་སྟོན་ཆེན་མོ།
མངའ་རིས་སྤུ་ཧྲིང་གི་དམངས་ཁྲོད་ཟློས་གར་འཁྲབ་སྟོན་རུ་ཁག་གིས《རྒྱལ་བོ་ནོར་བཟང》འཁྲབ་སྟོན་བྱེད་བཞིན་པ།
ལྟད་མོ་བ་རྣམས་ཀྱིས་འཁྲབ་སྟོན་ལ་གཟིགས་བཞིན་པ།
ཟླ8པའི་ཚེས17ཉིན། འབྲས་སྤུངས་དགོན་དང་སེ་ར་དགོན་པས་གྲྭ་བཙུན་རྣམས་ཀྱིས་དུང་སྒྲ་ལྷང་ལྷང་དུ་སྒྲོག་པ་དང་སྡོང་ནས། 2012ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་དེ་མངའ་རིས་སྤུ་ཧྲིང་གི་སེང་གེ་ཁ་འབབ་ཀྱི་དམངས་ཁྲོད་ཟློས་གར་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་ནས་འགོ་ཚུགས་པ་རེད།
མངའ་རིས་སྤུ་ཧྲིང་ལ་རྒྱལ་བོ་ནོར་བཟང་གི་ཕ་ས་རུ་ངོས་འཛིན་གྱིན་ཡོད་པ་སྟེ། ངག་སྒྲོས་ལྟར་ན་རྒྱལ་བོ་ནོར་བཟང་གི་གཏམ་རྒྱུད་ནི་མངའ་རིས་སྤུ་ཧྲིང་གི་སེང་གེ་ཁ་འབབ་འགྲམ་རྒྱུད་དུ་བྱུང་བ་དང་། དུས་ད་ལྟའི་བར་དུ་སྤུ་ཧྲིང་གི་དམངས་ཁྲོད་དུ་ས་ཁྱབ་རྡོ་བརྡལ་དུ་སོང་འདུག ད་ལོའི་ཞོ་སྟོན་དུས་ཆེན་གྱི་ཉིན་དང་པོར། ཞོ་སྟོན་དུས་ཆེན་གྱི་ཟློས་གར་འཁྲབ་སྟོན་ལ་ཐེངས་དང་པོར་ཞུགས་པའི་སྤུ་ཧྲིང་དམངས་ཁྲོད་ཟློས་གར་འཁྲབ་སྟོན་རུ་ཁག་གིས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ《རྒྱལ་བོ་ནོར་བཟང》ཞེས་པའི་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་སྟོན་བྱས་པ་རེད།
མངའ་རིས་སྤུ་ཧྲིང་གི་དམངས་ཁྲོད་ཟློས་གར་འཁྲབ་སྟོན་རུ་ཁག་གིས《རྒྱལ་བོ་ནོར་བཟང》འཁྲབ་སྟོན་བྱེད་བཞིན་པ།
སྤུ་ཧྲིང་དམངས་ཁྲོད་ཟློས་གར་འཁྲབ་སྟོན་རུ་ཁག་གི《རྒྱལ་བོ་ནོར་བཟང》ལ་ལྟད་མོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ།