སྒྲོན་སྒྲོན་མའི་བོད་སྐད་ཀྱི《རང་བྱུང་བརྩེ་གླུ》མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-08-08
ཀློག་གྲངས།:

གསར་སྐྱེས་གླུ་མ་སྒྲོན་སྒྲོན་མ་ལགས།
ཉེ་སྔོན། ཀུན་གྱིས་ཉི་མ་ཚོ་བའི་སྲས་མོ་ཞེས་པའི་མཚན་སྙན་བཟང་བོ་འབོད་གྱིན་པའི་བོད་ཀྱི་གསར་སྐྱེས་གླུ་མ་སྒྲོན་སྒྲོན་མ་ལགས་ཀྱིས་གདན་ཞུ་ལྟར་བོད་སྐད་ཀྱི《རང་བྱུང་བརྩེ་གླུ》ཁེར་ལེན་བྱས་ནས་སྒྲ་ཕབ་གནང་ཞིང་། དེའི་མཚུངས་སུ་བོད་ཀྱི་གསར་སྐྱེས་གླུ་བ་བསྟན་འཛིན་ཆོས་འབྱོར་དང་མཉམ་ལེན་བྱས་པ་རེད།
གླུ་མ་སྒྲོན་སྒྲོན་མེས་སྙན་འགྱུར་སྒྲ་འཛིན་གྱི་བཅུད་ལེན་པའི་དཔལ་དང་ལྡན་པའི་གླུ་གཞས《ཆུང་འདྲིས》དང《དྲན་གདུང》ཞེས་པ་ལ་བརྟེན་ནས་མཚན་སྙན་ཕྱོགས་བཞིར་ཁྱབ་པ་དང་། ཁོ་མོའི་སྐད་ངག་སྙན་མོ་ལས་བྱུང་བའི་བོད་སྐད་ཀྱི《རང་བྱུང་བརྩེ་གླུ》ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྡན་ཞིང་། ཟླ8པའི་ཚེས8ཉིན་ནས་བཟུང་དྲ་ཐོག་ཏུ་གཏོང་རྒྱུ་ཡིན་པས་ཁ་པར་གྱི་སྙན་བརྡ་རུ་ཕབ་ཆོག་པ་རེད།

གསར་སྐྱེས་གླུ་མ་སྒྲོན་སྒྲོན་མ་ལགས།
འབྲེལ་ཡོད་འོས་སྦྱོར།
