logo

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-06 ཀློག་གྲངས།:
  ཟླ8པའི་ཚེ3ཉིན་ནས་ཚེས5ཉིན་བར་དུ། མཚོ་སྔོན་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་ལམ་ཤུལ་བཞག་རིག་གནས་འགྲེམ་ཚོགས་སྐབས་ལྔ་བའི་མུ་འབྲེལ་བྱ་འགུལ་ཁག་ཅིག་སྟེ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་བསྡུས་པ་རེད།
  ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ལ་ཐང་གའི་རིག་གནས་ཤེས་བྱའི་འགྲན་སྡུར་དང་། ཐང་གའི་འབྲི་བཞེངས་འགྲན་སྡུར། གྲོས་ཞིབ་ཚོགས་འདུ་སོགས་འདུས་ཤིང་། འགོ་རྩོམ་མཛད་སྒོའི་སྟེང་ཐང་གའི་འབྲི་བཞེངས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་ཕུལ་བྱུང་རི་མོ་བ12ལ་བྱ་དགའ་གནང་བར་མ་ཟད། དེ་སྔའི་མཚོ་སྔོན་ཞིང་ཆེན་གཞུང་སྒྲུབ་ཐིན་ལོ་ཙཱ་ཁྲུའུ་ཡི་ཆོས་དཔལ་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རིག་གནས་རྟེན་མཛོད་གླིང་ལ་ཡིག་གཟུགས་བརྩམས་ཆོས་ཁག3གནང་བ་རེད།
  གྲོས་ཞིབ་ཚོགས་འདུའི་སྟེང་ལྷ་རིས་པ་གྲགས་ཅན་བརྩོན་འགྲུས་རབ་རྒྱས་ལགས་དང་། ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་གླིང་གི་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྣམས་ཀྱིས་ཐང་གའི་འཕེལ་རྒྱས་དང་། གནའ་དེང་ཟུང་འབྲེལ་གྱི་འབྲི་རྩལ། བོད་ཀྱི་མཛེས་རིས་དང་སྙན་ངག བཟོ་རིག་གསུམ་གྱི་འབྲེལ་བ་སོགས་ལ་གྲོས་ཞིབ་བགྲོ་གླེང་རྒྱ་ཆེན་པོ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།