logo

ཁྲི་ཀ་རྫོང་གི་ཐུན་མིན་དམངས་སྡོད་རིག་གནས་སྲུང་སྐྱོང་བྱེད་པའི་གྲུབ་འབྲས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-03 ཀློག་གྲངས།:


ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲང་གཞུག་སྡེ་བ་གཞུང་ལམ་འགྲམ་གྱི་་མི་རིགས་ཁྱད་ཆོས།

         མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་ནི་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཏུ་ངེས་ཤིང་། མི་རིགས་སྡེ་བའི་དཔལ་འབྱོར་སྔོག་འདོན་དང་། མི་རིགས་རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས། གནས་སྐོར་རིག་གནས་ཀྱི་ཁྱད་ཆོས་བཅས་ཡར་སྐུལ་བྱེད་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གིས་ཆུ་ནུབ་གྲོང་རྡལ་ཁོངས་གཏོགས་ཀྱི་སྲང་གཞུག་སྡེ་བ་ནི་མི་རིགས་ཀྱི་ཁྱད་ཆོས་དོད་པོའི་ཚོད་ལྟའི་སྡེ་བར་གཏན་འཁེལ་བྱས་པ་མ་ཟད།  ཁྱད་ཆོས་ལྡན་པའི་སྡེ་བའི་སྲུང་སྐྱོང་འཕེལ་རྒྱས་དང་སྡེ་གསར་འཛུགས་སྐྲུན།  དབུལ་སྐྱོིར་སྔོག་འདོན་བྱ་བ་གཅིག་ཏུ་སྒྲིལ་ཏེ་ཁྱད་ཆོས་ཅན་ལས་འཕེལ་རྒྱས་ལ་སྐུལ་བ་དང་། འཕེལ་རྒྱས་ལས་ཁྱད་ཆོས་སྡེ་བའི་མུ་སྦྲེལ་ཐོན་ལས་སྐུལ་བར་བྱེད་པ་ཡིན།


ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲང་གཞུག་སྡེ་བ་གཞུང་ལམ་འགྲམ་གྱི་་མི་རིགས་ཁྱད་ཆོས།

         2012ལོེར་མ་དངུལ་སྒོར་ཁྲི1430བཏང་བ་སྟེ། དེ་ལས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི572དང་། མང་ཚོགས་ཀྱིས་སྒོར་ཁྲི858བཅས་བཏང་ཞིང་། ཁྱིམ་རེར་ཁ་གཟབ་རོགས་དངུལ་སྒོར24300སྤྲད་ཅིང་།  ཁྱད་ཆོས་ཅན་གྱི་དམངས་སྡོད་ཁང48སྲུང་སྐྱོབ་བྱས། ཁྲི་ཀའི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ཏེ་སྲང་གཞུག་སྡེ་བའི་མི་རིགས་ཁྱད་ཆོས་སྡོད་དམངས་ཁང་གིས་སྐུ་མགྲོན་མང་པོའི་ཡིད་དབང་བཀུག་པ་དང་མཚངས་སུ་མང་ཚོགས་ཀྱིས་སྡོད་ཁང་སྲུང་སྐྱོབ་དང་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་ཕྱིན།
         ཉེ་དུས། སྲང་གཞུག་སྡེ་བས་ཁྲི་ཀ་ནི་མཚོ་སྔོན་ཞིང་ཆེན་རིམ་པའི་གནས་སྐོར་ཕྱོགས་བསྡུས་སྔོག་འདོན་ཚོད་ལྟའི་ཁུལ་དུ་གཏན་འཁེལ་བྱས་པའི་གོ་སྐབས་དམ་འཛིན་སྒོས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་གྱིས་རོགས་དངུལ་གནང་བའི་སྒོར་ཁྲི20དང་མང་ཚོགས་ཀྱིས་ཕུལ་བའི་ཞལ་འདེབས་མ་དངུལ་བཅས་ལས་སྨི་གྲུ་བཞི་མ2600ཅན་གྱི་མི་རིགས་ཁྱད་འཕགས་རིག་གནས་ཐང་ཆེན་འཛུགས་སྐྲུན་གནང་ཞིང་། སྡེ་བའི་ཡུལ་ལྷའི་ལྷ་ཁང་སོགས་གནས་སྐོར་ས་ཁུལ་ལ་བརྟེན་ནས་ཁྱད་འཕགས་སྡོད་ཁང་གནས་སྐོར་ལས་རིགས་འཕེལ་རྒྱས་བྱེད་པར་སྐུལ་འདེད་བཏང་། མིག་སྔར་སྲང་གཞུག་སྡེ་བའི་ཁྱད་འཕགས་སྡོད་ཁང་སྲུང་སྐྱོབ་ཚོད་ལྟའི་བྱ་བ་ནི་སྡེ་བ་འདིའི་མང་ཚོགས་ཕྱུག་འགྱུར་ལས་གཞིར་གྱུར་བ་དང་། མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བ་གསར་བ་རོལ་བར་སྐྱེས་སྟོབས་སྦྱིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།