མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འགྲེམ་སྟོན་གཟའ་འཁོར་སྤེལ།
མཛད་སྒོ་དངོས་སུ་མགོ་བརྩམས་པ།
མཛད་སྒོར་ཞུགས་པའི་འབྲེལ་ཡོད་མགོ་ཁྲིད།
མཐོ་སྒང་བུ་མོའི་མཛེས་ཉམས།
གེ་སར་འཁྲབ་སྟོན་བྱེད་བཞིན་པ།
སྤྱི་ཟླ9བའི་ཚེས27ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཧྲང་ཧྲེ་མཉམ་འདྲིས་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“གེ་སར་ཧྲང་ཧེ་ཡི་འཇིག་རྟེན་ཆེན་མོར་བསྐྱོད་པ”ཞེས་པའི་མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འགྲེམས་སྟོན་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས་པ་དང་། ཧྲང་ཧེ་གྲོང་ཁྱེར་དང་མགོ་ལོག་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དག་མཛད་སྒོའི་སྟེང་དུ་ཞུགས།
མགོ་རྩོམ་མཛད་སྒོའི་སྟེང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གླུ་གར་ཚོགས་པ་དང་མང་ཚོགས་སྒྱུ་རྩལ་ཚོགས་པ་གཉིས་ཀྱིས་མགོ་ལོག་ཁུལ་གྱི་ཐུན་མོང་མ་ཡིན་པའི་དམངས་གླུ་དང་ཞབས་བྲོ། རྡུང་ལེན། དེང་གཞས། གེ་སར། རྒྱན་གོས་འགྲེམས་སྟོན་སོགས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་པས། ཧྲང་ཧེ་གྲོང་ཁྱེར་གྱི་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་། སྤྲོ་བའི་ཐལ་མོ་བར་མེད་དུ་རྡེབ་པས་མཛད་སྒོ་ལ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།
རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འགྲེམས་སྟོན་གཟའ་འཁོར་གྱི་བྱ་འགུལ་འདི་ནི“ང་ཚོ་མཉམ་དུ་གཙང་བོ་གཅིག་ལ་རོལ། མཚོ་སྔོན་དང་ཧྲང་ཧེའི་སེམས་པ་གཅིག་ཏུ་སྦྲེལ”ཞེས་པ་བརྗོད་གཞི་ཡིན་པའི་རིག་རྩལ་འཁྲབ་སྟོན་དང་ཤུལ་བཞག་རིག་གནས་འགྲེམས་སྟོན་གྱི་བྱ་འགུལ་ཞིག་ཡིན་པ་དང་། མགོ་ལོག་ཁུལ་གྱིས་འཛམ་གླིང་ན་སྙན་གྲགས་ཆེས་ཆེར་རྒྱས་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་གར་སྟེགས་ཆེན་པོ་འདི་བརྒྱུད་ནས། “སྒོ་འབྱེད་དང་དཀྱེལ་ཡངས། ཕྱིར་བསྐྱོད”བཅས་ཀྱི་རྣམ་པས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སྔར་ལས་མང་པའི་གཟིགས་མོ་བ་རྣམས་ལ་ཤེས་སུ་འཇུག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ནུས་ཤུགས་གང་ཡོད་གདོན་པ། དེ་མིན་ཕྱོགས་ཡོངས་ནས་མགོ་ལོག་ཁུལ་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ལས་རིགས་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་བཅས་དམིགས་ཡུལ་དུ་བཟུང་ཡོད་པ་རེད།
ཐེངས་འདིའི་བྱ་འགུལ་སྟེང་གེ་སར་རིག་གནས་འདི་ཉིད་ཧྲང་ཧེ་ནས་འཁྲབ་སྟོན་དང་དྲིལ་སྒྲོག་བྱས་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཏེ། ཕྱོགས་གཅིག་ནས་གེ་སར་རིག་གནས་མུ་མཐུད་ནས་རྒྱལ་ནང་དང་རྒྱལ་སྤྱིའི་གར་སྟེགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་ལ། ཕྱོགས་གཞན་ཞིག་ནས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ་པ་རེད། མགོ་ལོག་ནི་རང་རྒྱལ་གྱི་གེ་སར་རིག་གནས་ལ་སྲུང་སྐྱོང་བྱེད་པའི་ས་ཁུལ་ཁོ་ན་ཡིན་པས། ཐེངས་འདིའི་བྱ་འགུལ་གྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འདི་ཉིད་སྔར་བས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་ངེས་རེད།