logo

2012ལོའི“ཧི་མ་ལ་ཡ”རྒྱལ་ཡོངས་བྲག་འཛེག་གདན་ཞུ་འགྲན་སྡུར་མཇུག་སྒྲིལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-31 ཀློག་གྲངས།:

女子组冠军、西藏攀岩队选手仁青拉姆
བོད་ལྗོངས་བྲག་འཛེག་རུ་ཁག་གི་འགྲན་ཞུགས་པ་རིན་ཆེན་ལྷ་མོས་སྐྱེས་མའི་ཚོ་ཁག་གི་བྱ་དགའ་ཨང་དང་པོ་བླངས་པ།

བོད་ལྗོངས་བྲག་འཛེག་རུ་ཁག་གི་འགྲན་ཞུགས་པ་བསོད་ནམས་རྒྱ་མཚོས་སྐྱེས་པའི་ཚོ་ཁག་གི་བྱ་དགའ་ཨང་དང་པོ་བླངས་པ།

  ཟླ7པའི་ཚེས30ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཅུའུ་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་ལྗོངས་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་གནང་བའི2012ལོའི་ཧི་མ་ལ་ཡ་རྒྱལ་ཡོངས་བྲག་འཛེག་གདན་ཞུ་འགྲན་སྡུར་དེ་ཚ་ཚ་འུར་འུར་གྱིས་འགྲན་སྡུར་རབས་དང་རིམ་པ་སྤེལ་མཐར་ལྷ་ས་ནས་མཇུག་སྒྲིལ་བ་རེད། རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་ཕུལ་དུ་བྱུང་བའི་བྲག་འཛེག་འགྲན་ཞུགས་པ31འགྲན་སྡུར་ཁྲོད་ཞུགས་ནས་སོ་སོའི་རྩལ་མངོན་པ་རེད། 
  ཐེངས་འདིའི་འགྲན་སྡུར་ལ་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་གཉིས་སུ་ཕྱེས་ཡོད་པ་དང་། དེ་ལ་ཡང་སྐྱེས་མའི་འགྲན་སྡུར་དང་དང་སྐྱེས་པའི་འགྲན་སྡུར་གཉིས་སུ་དགར་ཡོད། འགྲན་སྡུར་བྱེད་གནས་ནི་མིས་བཟོས་བྲག་ཐེམ་ཡིན་ཅིང་། ལམ་ཐག་ལ་སྨི18དང་སྨི25གཉིས་སུ་ཕྱེས་འདུག 
  ཐེངས་འདིའི་འགྲན་སྡུར་ཁྲོད་བོད་ལྗོངས་ཀྱི་འགྲན་ཞུགས་པ་རིན་ཆེན་ལྷ་མོ་དང་བསོད་ནམས་རྒྱ་མཚོ་གཉིས་ཀྱིས་སྐྱེས་མའི་ཚོ་ཁག་དང་སྐྱེས་པའི་ཚོ་ཁག་གི་བྱ་དགའ་ཨང་དང་པོ་བླངས་པ་རེད།
 


འགྲན་ཞུགས་པའི་ཉམས་འགྱུར།


འབྲེལ་ཡོད་འོས་སྦྱོར།