སྐབས་དྲུག་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་དེ་ཀན་ལྷོའི་རྨ་ཆུ་རུ་སྤེལ་རྒྱུ་ཡིན་པ།
གེ་སར་རྟ་རྒྱུག་ཚོགས་ཆེན་ཀན་ལྷོའི་རྨ་ཆུ་རུ་སྤེལ་བ།
ཟླ8པའི་ཚེས13ཉིན་གྱི་སྔ་དྲོ། ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལའམ་རྨ་ཆུའི་སྐབས་དྲུག་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་དེ་རྨ་ཆུའི་རྩྭ་ཐང་གེ་སར་རྟ་རྒྱུག་ལྟེ་གནས་སུ་སྤེལ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་དུ་སྨི1000དང་སྨི2000། སྨི3000བཅས་ཀྱི་མགྱོགས་འགྲན་ཡོད་པ་མ་ཟད། སྨི5000དང་སྨི10000ཅན་གྱི་ཤུགས་འགྲན་རྣམ་གྲངས་ལྔ་ཡོད་པ་དང་། ཤིན་ཅང་དང་བོད་ལྗོངས། སི་ཁྲོན་སོགས་ཞིང་ཆེན་དང་ལྗོངས་གཞན་གྱི་འགྲན་ཞུགས་པ800འདུས།
སྨི1000དང་སྨི2000། སྨི3000བཅས་མགྱོགས་འགྲན་རྣམ་གྲངས་གསུམ་དུ་ཆ་སྙོམས་ཀྱིས་མ་མཐར་ཡང་ཨང་དགུ་བ་ལེན་པ་དང་། རྣམ་གྲངས་རེའི་ཨང་དང་པོར་སྒོར་ཁྲི3གྱི་བྱ་དགའ་དང་། ཨང་གཉིས་པར་སྒོར་ཁྲི2། ཨང་གསུམ་པར་སྒོར་ཁྲི1། མ་ཟད་སོ་སོར“རྨ་ཁུག་རྟ་མཆོག་བུམ་པའི”གསེར་རྟའི་བུམ་པ་དང་། དངུལ་རྟའི་བུམ་པ། ཟངས་རྟའི་བུམ་པ། དེ་མིན་དཔང་རྟགས་སོགས་གནང་བ་ཡིན། ཨང་བཞི་བ་ནས་ཨང་དགུ་བར“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་རྟགས་གནང་བ་ཡིན།
སྨི5000ཅན་གྱི་ཤུགས་འགྲན་དུ་མ་མཐར་ཡང་ཨང་དགུ་བ་བླངས་པ་ཡིན་ན། ཨང་དང་པོར་སྒོར་ཁྲི6དང་། ཨང་གཉིས་པར་སྒོར་ཁྲི4། ཨང་གསུམ་པར་སྒོར་ཁྲི3། ཨང་བཞི་བར་སྒོར་ཁྲི2། ཨང་ལྔ་བར་སྒོར་ཁྲི1། དེ་ལས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ“རྨ་ཁུག་རྟ་མཆོག་བུམ་པའི”གསེར་རྟའི་བུམ་པ་དང་། དངུལ་རྟའི་བུམ་པ། ཟངས་རྟའི་བུམ་པ། དེ་མིན་དཔང་རྟགས་སོགས་གནང་བ་ཡིན། ཨང་བཞི་བ་ནས་ཨང་དགུ་བར“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་རྟགས་གནང་བ་ཡིན།
སྨི10000ཅན་གྱི་ཤུགས་འགྲན་དུ་མ་མཐར་ཡང་ཨང་དགུ་བ་བླངས་པ་ཡིན་ན། ཨང་དང་པོར་སྒོར་ཁྲི10དང་། ཨང་གཉིས་པར་སྒོར་ཁྲི5། ཨང་གསུམ་པར་སྒོར་ཁྲི4། ཨང་བཞི་བར་སྒོར་ཁྲི3། ཨང་ལྔ་བར་སྒོར་ཁྲི2། དེ་ལས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ“རྨ་ཁུག་རྟ་མཆོག་བུམ་པའི”གསེར་རྟའི་བུམ་པ་དང་། དངུལ་རྟའི་བུམ་པ། ཟངས་རྟའི་བུམ་པ། དེ་མིན་དཔང་རྟགས་སོགས་གནང་བ་ཡིན། ཨང་བཞི་བ་ནས་ཨང་དགུ་བར“རྨ་ཁུག་རྟ་མཆོག་བུམ་པའི”དྲན་རྟེན་བུམ་པ་དང་དཔང་རྟགས་གནང་བ་ཡིན།
འགྲན་བསྡུར་བྱེད་པའི་མཚུངས་སུ། ཚོང་གཉེར་དང་། བཟའ་བཏུང་། རྨ་ཆུའི་སྐབས་དང་པོའི་རྨ་ཁུག་འབྲོག་ཁྱི་འགྲེམ་སྟོན་དང་རིག་གནས་གླེང་སྟེགས། ཆིན་རྒྱལ་རབས་ཀྱི་རྫ་བཟོས་དམག་རྟ་དང་རྨ་ཁུག་རྟ་མཆོག་ཞིབ་འཇུག་བརྗོད་དོན་གླེང་སྟེགས། ཚོང་འགུག་དངུལ་འདྲེན་ལས་གཞི་མཚམས་སྦྱོར་སོགས་བྱ་འགུལ་མང་པོ་སྤེལ་རྒྱུ་ཡིན་ལ། འདི་ནི་གཞི་རྒྱ་ཆེ་ཞིང་ཚད་རིམ་མཐོ་བ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས་སྐབས་དྲུག་པའི་གེ་སར་རྟ་རྒྱུག་ཚོགས་ཆེན་གྱི་གཟི་འོད་ཅིག་ཏུ་འགྱུར་ངེས།