logo

དཀར་མཛེས་ས་ཁུལ་དུ་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-25 ཀློག་གྲངས།:


འབེ་གར་འཁྲབ་པ།


རྔ་རྡུང་འཁྲབ་སྟོན།

         ཟླ7པའི་ཚེས20ཉིན།  དཀར་མཛེས་ས་ཁུལ་དུ་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་པའི་དུས་ཡུན་ཉིན་གསུམ་གྱི་རྟ་རྒྱུགས་འགྲན་བསྡུར་གྱི་དུས་ཆེན་སྤེལ་ཞིང་། དེ་ཡང་རྟ་རྒྱུགས་འགྲན་བསྡུར་རམ་གཡག་རྒྱུགས་འགྲན་བསྡུར། ཡང་ན་རྟ་ལས་ཁ་ཕྱིར་བྱོན་ཏེ་མདའ་འཕེན་འགྲན་བསྡུར།  ཐག་འཐེན་དང་དམངས་ཁྲོད་འཁྲབ་སྟོན་སོགས་འགྲན་བསྡུར་རིགས་སྣ་ཚོགས་སྤེལ་བ་ཞིག་ཡིན། 


རྟ་ཐོག་སྒྱུ་རྩལ་འཁྲབ་སྟོན།

         ཉིན་འདི་འགར། འགྲན་ཞུགས་པ་དང་ས་གནས་ཀྱི་མང་ཚོགས་རྣམས་འཚང་ཁ་ཤིག་ཤིག་གིས་འགྲན་བསྡུར་ཡུལ་དངོས་སུ་སླེབས་ཏེ་རྩེད་འཇོ་སྣ་ཚོགས་ལ་རོལ་ཞིང་བག་ཕེབས་པའི་ངང་དགའ་སྤྲོའི་དཔལ་གྱིས་ཁེངས།


དུས་ཆེན་གྱི་ཟུར་ཞིག


འབྲེལ་ཡོད་འོས་སྦྱོར།