logo

མཚོ་བྱང་ཁུལ་གྱིས་རྟ་རྒྱུག་འགྲན་ཚོགས་སྤེལ་ནས་མི་རིགས་ཀྱི་ལུས་རྩལ་གོང་དུ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-22 ཀློག་གྲངས།:

海北州举行环湖地区赛马会发展民族体育运动
མཚོ་བྱང་ཁུལ་གྱིས་རྟ་རྒྱུག་འགྲན་ཚོགས་སྤེལ་ནས་མི་རིགས་ཀྱི་ལུས་རྩལ་གོང་དུ་སྤེལ་བ།

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་མི་རིགས་ལུས་རྩལ་ར་བར་མཚོ་སྐོར་གྱི་རྟ་རྒྱུག་འགྲན་ཚོགས་སྤེལ་ཞིང་། མདའ་གཞི་དང་རྐང་ཚ་སོགས་མཚོ་སྐོར་གྱི་ཡུལ8ནས་ཡོང་བའི་ཕུལ་དུ་བྱུང་བའི་རྟ་རྒྱུག་རུ་ཁག་གིས་རྟ་རྒྱུག་འགྲན་སྡུར་བྱས་པ་རེད།
  རྟ་རྒྱུག་འགྲན་ཚོགས་ནི་མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ཆེན་མོ་ཞིག་ཡིན་པར་མ་ཟད། ཡུལ་འདིའི་མང་ཚོགས་ཀྱིས་ལྟ་བར་སྤྲོ་བའི་དམངས་ཁྲོད་ཀྱི་ལུས་རྩལ་བྱ་འགུལ་ཞིག་ཀྱང་ཡིན་པ་རེད།
  འབྲེལ་ཡོད་འགོ་ཁྲིད་ཀྱིས་བཤད་རྒྱུར། རྟ་རྒྱུག་འགྲན་ཚོགས་ནི་མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོ་རིག་གནས་ཉིང་བཅུད་སྔོག་འདོན་དང་མི་རིགས་ཀྱི་ལུས་རྩལ་མཚོན་རྟགས་ཤིག་བསྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཅིང་། ང་ཚོས་ཧུར་ཐག་བྱས་ནས་དམངས་ཁྲོད་ཀྱི་ལུས་རྩལ་བྱ་འགུལ་འདི་གོང་དུ་སྤེལ་ནས་མི་རིགས་ཀྱི་ལུས་རྩལ་རིག་གནས་མཚོན་རྟགས་ཤིག་བསྐྲུན་པ་དང་མཉམ་དུ། མཚོ་སྐོར་གྱི་མི་རིགས་ལུས་རྩལ་དར་སྤེལ་དུ་གཏོང་ཐུབ་པར་སྨོན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།