logo

“བོད་ལྗོངས་ཀྱི་བག་ཆགས”ཞེས་པའི་པར་རིས་བརྩམས་ཆོས་འགྲན་སྡུར་སྐབས་དང་པོ་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-18 ཀློག་གྲངས།:

首届西藏印象摄影作品大赛发布会现场
ཁྱབ་སྒྲྲོག་ཚོགས་འདུའི་ཡུལ་དངོས།

  ཟླ7པའི་ཚེས17ཉིན། ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲུང་གོའི་པར་མཁན་མཐུན་ཚོགས་ཀྱིས་མཉམ་དུ་སྒྲུབ་པ་དང་། བོད་ལྗོངས་པར་མཁན་མཐུན་ཚོགས་ཀྱིས་རོགས་སྒྲུབ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི“བོད་ལྗོངས་ཀྱི་བག་ཆགས”ཞེས་པའི་པར་རིས་བརྩམས་ཆོས་འགྲན་སྡུར་སྐབས་དང་པོ་པེ་ཅིང་དུ་འགོ་ཚུགས་ཤིང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་པར་མཁན་དང་པར་རིས་ལ་སྤྲོ་བ་རྣམས་ཀྱི་བརྩམས་ཆོས་བསྡུ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་སྡུར་གྱིས་རང་བྱུང་སྐྱེ་ཁམས་དང་། སྤྱི་ཚོགས་འཚོ་བ། སྣ་མང་རིག་གནས། ལོ་རྒྱུས་འཕོ་འགྱུར་བཅས་བརྗོད་གཞི་རུ་བྱས་ཤིང་། བརྩམས་ཆོས་ཀྱི་རྒྱུ་ཆའི་ཁུངས་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་། རང་བྱུང་མཛེས་ལྗོངས། དམངས་ཁྲོད་ཀྱི་སྲོལ་ལུགས། ལོ་རྒྱུས་རིག་གནས་བཅས་ཡིན་དགོས་པའི་ཁར། ཁྱད་ཆོས་གཟེངས་སུ་ཐོན་ཞིང་དུས་རབས་ཀྱི་ཉམས་ཀྱིས་ཕྱུག་པ་དང་། པར་རིས་སྒྱུ་རྩལ་གྱི་ཆུ་ཚད་ངེས་ཅན་ཞིག་དགོས་པ་རེད།
  འགྲན་སྡུར་ལ་བྱ་དགའ་རིགས་ལྔ་རུ་བགོས་པ་སྟེ། གསེར་གྱི་བསྡུ་ཉར་བརྩམས་ཆོས4དང་། དངུལ་གྱི་བསྡུ་ཉར་བརྩམས་ཆོས8། ཟངས་ཀྱི་བསྡུ་ཉར་བརྩམས་ཆོས12། ཕུལ་བྱུང་བསྡུ་ཉར་བརྩམས་ཆོས28། ལེགས་འདེམ་བསྡུ་ཉར་བརྩམས་ཆོས150བཅས་ཡོད། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ཟླ10བར་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོར་འགྲེམ་སྟོན་བྱེད་རྒྱུ་ཡིན་ཞིང་། འགྲན་ཞུགས་བརྩམས་ཆོས་ཁག་རྒྱལ་ཕྱི་རུ་སྐོར་སྐྱོད་འགྲེམ་སྟོན་བྱེད་རྒྱུ་རེད།
 


འབྲེལ་ཡོད་འོས་སྦྱོར།