ལྷ་སར་གྱོན་གོས་གསར་བའི་ཁྱབ་སྤེལ་ཚོགས་འདུ་བསྡུས་པ།
གྱོན་གོས་འགྲེམ་སྟོན།
ཟླ6པའི་ཚེས30ཉིན། “ཡིད་འོངས་མ”དབྱར་དུས་ཀྱི་གྱོན་གོས་གསར་བའི་ཁྱབ་སྤེལ་ཚོགས་འདུ་དེ་ལྷ་སར་སྤེལ་ཞིང་། འདི་ནི་བོད་ལྗོངས་ས་གནས་ཀྱི་བོད་ཀྱི་གྱོན་གོས་མཚན་རྟགས་ཉིད་ཐོག་མར་ལྷ་ས་རུ་ཐོན་རྫས་གསར་བའི་ཁྱབ་སྤེལ་ཚོགས་འདུ་སྤེལ་ལ། ཉིན་དེར་བོད་ཀྱི་གྱོན་གོས་གསར་བ་རིགས30ལྷག་ཡོད།
བོད་མི་རིགས་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་ཕུན་སུམ་ཚོགས་པའི་གྱོས་ཆས་རིག་གནས་མངའ་བ་དང་། འཛམ་གླིང་གྱོན་ཆས་ཀྱི་རིགས་ལས་ཨང་དང་པོར་ཟིན་པའི་བོད་ཀྱི་གྱོན་ཆས་ནི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་། ས་ཁུལ་མི་འདྲ་བའི་བར་གྱི་གྱོན་ལུགས་ཀྱང་གཅིག་མཐུན་མིན།
གྱོན་གོས་འགྲེམ་སྟོན།
ཐེངས་འདིའི་བྱ་འགུལ་གྱི་འགན་ཁུར་བ་བཀྲ་ཤིས་ཀྱིས“གལ་སྲིད་བོད་ཀྱི་སྲོལ་རྒྱུན་གྱོན་གོས་ནི་ལུས་ལ་གྱོན་པའི་ལོ་རྒྱུས་སུ་སྣང་ན། སངས་ཉིན་གྱི་ལུས་པོ་དེ་དེང་རབས་གྱོན་ཆས་ལ་སྤྲོད་འོས་ཤིང་། ས་གནས་ཀྱི་མི་དམངས་ལ་སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་གྱི་གྱོན་ཆས་ཇུས་འགོད་དང་བཟོ་སྐྲུན་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་མི་མང་པོར་དེང་རབས་ཅན་གྱི་བོད་ཀྱི་གྱོན་ཆས་དང་ལེན་བྱེད་དུ་འཇུག་རྒྱུ་ནི་ཡིད་འོངས་མའི་མཚན་རྟགས་ཀྱི་གཞི་རྩའི་འཚོལ་སྙེག་ཅིག་ཡིན”ཞེས་བཤད།
གྱོན་གོས་འགྲེམ་སྟོན།
ཉིང་ཁྲི་ས་ཁུལ་ནས་སླེབས་པའི2009ལོའི་ཡ་གླིང་འགྲེམ་ཐོན་པའི་འགྲན་བསྡུར་བོད་ལྗོངས་འགྲན་ཁུལ་གྱི་འགྲེམ་ཐོན་པས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། དེ་རིང་ལྗོངས་རང་ས་གནས་བོད་ཀྱི་གྱོན་གོས་དེང་རབས་མཚན་རྟགས་ཁྱབ་སྤེལ་ཚོགས་འདུའི་སྟེང་ཞུགས་ཐུབ་པ་དང་། བོད་ཀྱི་རྒྱུ་དང་དེང་རབས་ཀྱི་རྒྱུ་ལས་བྱུགས་པའི་གྱོན་གོས་ཁྱབ་སྒྲོག་བྱས་ཏེ་མ་འོངས་པར་གནས་དུས་ངེས་མེད་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཉོ་ཐུབ་པར་བསམ་ཚེ་དངོས་གནས་དགའ་སྤྲོ་བསམ་གྱིས་མི་ཁྱབ་པ་བྱུང་ཟེར། རྒྱུས་ལོན་པ་ལྟར་ན། ལྷ་སར“ཡིད་འོངས་མ”གྱོན་གོས་འགྲེམ་ཚོང་བྱེད་གནས་གཉིས་ཡོད་པ་དང་། དྲ་ཐོག་ཏུའང་ཉོ་ཐུབ་ཀྱི་ཡོད།