2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གཟབ་རྒྱས་ངང་བསྡུས།
2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་གཟབ་རྒྱས་ངང་བསྡུས།
ཟླ6པའི་ཚེས29ཉིན་གྱི་དགོང་མོ། 2012ལོའི་སྐབས་བཅུ་གཅིག་པའི“ཀྲུང་གོའི་ལུས་རྩལ་རྒྱན་ཤོག་བུམ་པ”མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་འགོ་གཙོ་ལོ་ཧོས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ཞུའུ་ཧྥུ་ཧྲོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མཱ་ཅཱ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞོའོ་ཆིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝུའུ་ཡུའུ་ཏི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོའོ་པིན། མཚོ་སྔོན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱིའི་རུ་གཙོ་སུང་པོ་ཧྲན་སོགས་འགྲན་བསྡུར་གྱི་མཛད་སྒོར་ཞུགས།
ཆང་ཝེ་དང་། ཀྲང་དབྱི། ཧི་ཡོན། ཕན་ཀྲི་ཁྲིན། ཅིན་ཏི་ལུང་བཅས་ཀྱིས་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགོ་རྩོམ་སྒོ་གླེགས་ཕྱེ་ཞིང་། ལོ་ཧོས་ཉིན་དང་ཨ་ཐིར•ལོ་ཕེ་སི་གཉིས་སོ་སོས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ཀྲང་ཅན་མིན་གྱིས་མཛད་སྒོར་མདོ་འཛིན་མཛད། ལོ་ཧོས་ཉིན་གྱིས་བསྟན་དོན། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ནི་ཀྲུང་གོའི་ཐེངས་དང་པོར་འཛམ་གླིང་ལ་ཁ་ཕྱོགས་པ་དང་ཆེས་ཤུགས་རྐྱེན་ཆེ་བའི་ལུས་རྩལ་མཚན་བྱང་འགྲན་བསྡུར་ཞིག་ཡིན་ལ། ས་བབ་མཐོ་བའི་ལུས་རྩལ་འགྲན་རྩོད་རང་བཞིན་དང་། སྣ་མང་མི་རིགས་ཀྱི་རིག་གནས། མཐོ་སྒང་མཛེས་ལྗོངས་བཅས་ལས་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་ཁྲོད་གལ་ཆེ་བའི་གནས་བབས་ཟིན་ཡོད་ཅིང་འཛམ་གླིང་མི་དམངས་ཀྱི་མིག་དབང་ཀུན་ནས་འཕྲོག་པ་ཡིན།
སྐབས་འདིའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ནི་མཚོ་སྔོན་དང་། ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་གསུམ་དུ་བརྒལ་ཏེ་གླིང་ཆེན་འདིའི་སྟེང་རིམ་འགྲན་བསྡུར་ལ་ཡིད་དུ་འོང་བའི་མཛེས་སྡུག་བསྐྱེད་ཅིང་། འདིས་ངེས་པར་ས་ཁུལ་བར་མཉམ་འབྲེལ་འཕེལ་རྒྱས་བྱེད་པར་སྐུལ་འདེད་གཏོང་བར་མ་ཟད། ལུས་རྩལ་དང་ཐོན་ལས་གཞན་དག་མཐུན་སྦྱོར་འཕེལ་རྒྱས་དང་། རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་གྱི་ལུས་རྩལ་གསར་གཏོད་འཕེལ་རྒྱས་བཅས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེ་ཆེར་ཐོན།
སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ནི་མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་གསུམ་གྱིས་མཉམ་དུ་དུས་ཡུན་ཉིན14ལ་སྤེལ་བ་ཡིན་ཞིང་། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ1867ཡོད་པ་དང་། འཛམ་གླིང་གི་གླིང་ཆེན་ལྔ་ནས་ཐོན་པའི་འགྲན་ཞུགས་རུ་ཁག22ཀྱི་འགྲན་ཞུགས་པ154ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཏེ་འཛམ་གླིང་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་ངོ་མཚར་གཏམ་རྒྱུད་འཁྲབ་པ་རེད།