logo

ཉེ་ལམ་བོད་ལྗོངས་ལྷོ་ཁ་རུ་སྦྱོང་བཞིན་པའི་ཁྲ་འགོ་བྲོ་གར།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-29 ཀློག་གྲངས།:

ལྷོ་ཁའི་ཁྲ་འགོ་བྲོ་གར་འཁྲབ་ཀྱིན་པ།
ལྷོ་ཁའི་ཁྲ་འགོ་བྲོ་གར་འཁྲབ་ཀྱིན་པ།

        ཉེ་ལམ།  བོད་ལྗོངས་ལྷོ་ཁ་གོང་དཀར་རྫོང་ཁྲ་འགོ་ཡུལ་ཚོ་རུ་སྡེ་མི་རྣམས་བྲོ་གར་སྦྱོང་བ་བྱེད་ཀྱིན་ཡོད་ཅིང་།   ཁོ་ཚོ་མི་འགྱངས་བར་རྒྱལ་ཁབ་རང་བཞིན་གྱི་བྲོ་གར་འགྲན་བསྡུར་ཞིག་ལ་ཞུགས་དགོས་པས་ཡུལ་དངོས་འགྲན་བསྡུར་དུ་གཟིགས་མོ་བའི་དགའ་བསུ་ཐོབ་པར་སྟ་གོན་བཟང་བོ་ཞིག་བྱེད་ཆེད་ངལ་བ་ཁྱད་བསད་ཀྱིས་བྲོ་གར་གསར་བ་སྦྱོང་བརྡར་བྱེད་ཀྱི་ཡོད། 
        ན་གཞོན་རྣམས་ནི་བྲོ་གར་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་མ་འོངས་རེ་བ་ཡིན་པས། བསོད་ནམས་སོགས་བྲོ་གར་རྒྱུན་འཛིན་པས་ན་ཆུང་རྣམས་ལའང་བྲོ་གར་ཁྲིད་པ་དང་ཆབས་ཅིག་བྲོ་གར་དང་འབྲེལ་བའི་ལོ་རྒྱུས་དང་རིག་གནས་ཤེས་བྱ་རྒྱུས་ལོན་བྱེད་དུ་འཇུག་པ་ཡིན།

ལྷོ་ཁའི་ཁྲ་འགོ་བྲོ་གར་འཁྲབ་ཀྱིན་པ།
ལྷོ་ཁའི་ཁྲ་འགོ་བྲོ་གར་འཁྲབ་ཀྱིན་པ།

         བྲོ་གར་ནི་བོད་ཀྱི་སྲོལ་རྒྱུན་བྲོ་གར་རིག་གནས་ཀྱི་ཁྱད་འཕགས་སྒྱུ་རྩལ་ཞིག་ཡིན་ཞིང་། མིག་སྔར་ཉར་ཚགས་བྱས་པའི་འཛམ་གླིང་མི་རིགས་སོ་སོའི་སྲོལ་རྒྱུན་བྲོ་གར་རིག་གནས་ཁྲོད་ཆེས་རྙིང་བའི་ལས་གཞི་ཞིག་ཡིན།  2006ལོར་ལྷོ་ཁའི་ཁྲ་འགོ་བྲོ་གར་ཉིད་སྐབས་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད།  2010ལོའི་ཧྲང་ཧེ་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུའི་བོད་ལྗོངས་བྱ་འགུལ་གཟའ་འཁོར་གྱི་འགྲེམ་སྟོན་དུ་བྲོ་གར་འཁྲབ་སྟོན་བྱས་ཏེ་འཛམ་གླིང་མི་དམངས་མང་པོའི་ཡིད་ཀྱི་དང་བ་འཕྲོག་མྱོང་།


འབྲེལ་ཡོད་འོས་སྦྱོར།