བོད་ལྗོངས་སློབ་ཆེན་གྱིས་སྒྱུ་རྩལ་ལག་ལེན་གཟའ་འཁོར་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-06-24
ཀློག་གྲངས།:

བྱ་འགུལ་གྱི་ཡུལ་དངོས།
བྱ་འགུལ་གྱི་ཡུལ་དངོས།
ཉེ་སྔོན་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་གླིང་རོལ་དབྱངས་ཚན་ཁག་གི“2011ལོ་ནས2012ལོའི་རོལ་དབྱངས་ཆེད་ལས་ཀྱི་སློབ་མའི་སྒྱུ་རྩལ་ལག་ལེན་བྱེད་སྒོའི་གཟའ་འཁོར་སྐབས་གཉིས་པ”བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་བ་རུ་སྤེལ་པ་རེད། ཐེངས་འདིའི་བྱ་འགུལ་ཁྲོད་རོལ་དབྱངས་སློབ་གསོ་དང་རོལ་ཆས་ཆེད་ལས་སོགས་ཀྱི་འཛིན་གྲྭ་དྲུག་ཞུགས་ཡོད་ཅིང་། གླུ་གཞས་ལེན་པ་དང་། དམངས་ཁྲོད་རོལ་ཆས་འཁྲབ་སྟོན། བརྩམས་ཆོས་འགྲེམ་སྟོན། མཉམ་ལེན་སོགས་རོལ་དབྱངས་ཀྱི་རྣམ་པ་མང་པོ་འདུས་པ་རེད།
འབྲེལ་ཡོད་འོས་སྦྱོར།
