བོད་ལྗོངས་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་ལྡེབས་རིས་ཉམས་གསོའི་ལས་གཞི་འགོ་ཚུགས་པ།

ཉམས་གསོ་པས་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་ཁང་པ་གཙོ་གྲས་ཉམས་གསོ་བྱེད་ཀྱིན་པ།
ཉེ་ལམ། མ་རྩ་སྒོར་ཁྲི1000ལྷག་བཏང་བའི་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་ལྡེབས་རིས་ཉམས་གསོ་བྱེད་པའི་ལས་གཞི་འགོ་ཚུགས། སྔོན་རྩིས་བྱས་ན2013ལོའི་ཟླ7པའི་ནང་ལས་ཚར་བར་བྱ་རྒྱུ།
གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་ལྷོ་ནུབ་ཀྱི་སྤྱི་ལེ1གི་མཚམས་སུ་ཡོད་པ་དང་། བོད་ལྗོངས་ནུབ་ཕྱོགས་སུ་རྔམ་བརྗིད་ལྡན་པར་ཆགས་ཡོད་པའི་གུ་གེ་རྒྱལ་རབས་ཀྱིས་བཞག་པའི་གཞི་རྒྱ་ཆེས་ཆེ་བའི་ཁང་པའི་བཀོད་པ་མང་བའི་གནའ་ཤུལ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་རིག་དངོས་རྩ་ཆེན་སྲུང་སྐྱོབ་ལས་ཁུངས་ཤིག་ཡིན།

ཉམས་ཆག་ཤོར་བའི་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་ལྡེབས་རིས།
རྒྱུས་ལོན་བྱས་པ་ལྟར་ན། ལྡེབས་རིས་ཉམས་གསོའི་ལས་གཞི་ནི་སྤྱིའི་མ་དངུལ་སྒོར་ཁྲི5744བཏང་བའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཉམས་གསོ་ལས་གཞི་ཆུང་གྲས་གསུམ་ནང་གི་གཅིག་ཡིན། ལས་གཞི་འདི2011ལོའི་ཟླ5བ་ནས་འགོ་རྩོམ་རྒྱུ་དང་། དེའི་ནང་ད་དུང་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་ཁང་པ་གཙོ་གྲས་ཀྱི་ཉམས་གསོ་དང་དེ་མིན་གནའ་ཤུལ་གྱི་རྩིག་པ་ཞིག་རལ་དང་བྲག་ཕུག རི་ལྡེབས་སྲ་བརྟན་གཏོང་བ་དང་རི་ངོས་ཀྱི་ཆུ་འབུད་ལེགས་བཅོས་བྱེད་པའི་ལས་གཞི་གཉིས་ཀྱང་འདུས་ཡོད།
