logo

བོད་ཁུལ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཉམས་མྱོང་བརྗེ་རེས་ཚོགས་འདུ་གཟབ་རྒྱས་ངང་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་བོད་ཡིག་སྨྱན་བྱད། དུས་ཚོད།:2018-09-17 ཀློག་གྲངས།:


ཚོགས་རའི་ཡུལ་དངོས།


རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་སུན་ཞུའེ་ཡུའུ།


རྒྱལ་ཁབ་སློབ་གསོ་ཚན་རྩལ་ཟིའི་ཟི་ཀྲང་ཐེན་ལེན་ཀང་།


ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན།


མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏོ་ཏིག་ཀྲི།


མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་མི་རིགས་ཆོས་ལུགས་
ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་མཁས་པ།


ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་གྲུབ།


བོད་ལྗོངས་ཀྱི་འཐུས་མིས་གཏམ་བཤད་གནང་བཞིན་པ།


ཡུན་ནན་ཞིང་ཆེན་གྱི་འཐུས་མིས་གཏམ་བཤད་གནང་བཞིན་པ།


ཀན་སུའུ་ཞིང་ཆེན་གྱི་འཐུས་མིས་གཏམ་བཤད་གནང་བཞིན་པ།

ཚོགས་རའི་ཡུལ་དངོས།

     ཟླ9པའི་ཚེས15ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་ཁུལ་དུ་བོད་ཁུལ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཉམས་མྱོང་བརྗེ་རེས་ཚོགས་འདུ་མཚོ་ལྷོ་ཁུལ་དུ་བསྡུས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་སུན་ཞུའེ་ཡུས་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏོ་ཏིག་ཀྲི་བཅས་ཚོགས་འདུར་ཞུགས།
     སུན་ཞུའེ་ཡུའུ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ཏེ། བོད་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། གོམ་གང་མདུན་སྤོས་སྒོས་བོད་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འབེབས་དང་། སྤུས་ཚད་མཐོ་བའི་སྒོ་ནས་བོད་ཁུལ་ལས་རིགས་སློབ་གསོས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་རྒྱས་ཡོང་བར་སྐུལ་འདེད་བྱེད་དགོས།
      ཁོང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནི་དཔེ་མཚོན་ཅན་གྱི་མི་རིགས་ས་ཁུལ་ཡིན་ལ། ཐོན་ཁུངས་ཕུན་སུམ་ཚོགས་པའི་འདུས་ཁུལ་དང་ཆུའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་གནས་འགངས་ཆེན། རིག་གནས་ཁྱད་ལྡན་ཁུལ། ས་མཐའ་ཡིན་པར་མ་ཟད། ལྷག་པར་དུ་ཧ་ཅང་དབུལ་བུའི་ས་ཁུལ་ཞིག་ཀྱང་ཡིན་སྟབས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་བཟུང་ཡོད། ལོ་འདི་འགའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གདེང་འཇོག་ཆེན་པོ་དང་ཐུགས་ཁུར། རྒྱབ་སྐྱོར། ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་ཚད་མེད་འོག བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་ཞིང་ཆེན་བཅས་ཀྱིས་གོ་སྐབས་དམ་འཛིན་སྒོས་བོད་ཁུལ་ལས་རིགས་སློབ་གསོའི་འཕེལ་རྒྱལ་ལ་ནུས་ཤུགས་བཏོན་ཤིང་། སློབ་སྒྲུབ་རྣམ་པ་མུ་མཐུད་དུ་རྒྱ་སྐྱེད་པ་དང་སློབ་སྒྲུབ་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་བ། ཞབས་ཕྱིའི་བྱེད་ནུས་ཇེ་ལེགས་དང་ཁ་གཏད་རང་བཞིན་གྱི་གསོ་སྐྱོང་ལ་མངོན་གསལ་གྱི་ནུས་ཤུགས་ཐོན་ལ། ལམ་ལུགས་ཀྱི་དགེ་མཚན་ལེགས་པོར་མངོན་པ་སོགས་གྲུབ་འབྲས་མངོན་གསལ་བླངས།
      སུན་ཞུའེ་ཡུའུ་ཡིས་བོད་ཁུལ་གྱི་བཟོ་ལས་ཅན་གསར་པ་དང་། ཆ་འཕྲིན་ཅན། གྲོང་ཁྱེར་ཅན། ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན། ཤང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་པ་དེས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་འགྲོ་བར་རྒྱ་སྐྱེད་དང་རེ་བ་སྔར་ལས་མཐོན་པོ་བཏོན་ལ། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་སྒོས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སྟེང་ཡོང་བར་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབ་གསལ་འབྱེད་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། བོད་ཁུལ་ལས་རིགས་སློབ་གསོ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས། གཅིག་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཤིང་། རྗེས་ཕྱོགས་ཀུན་སྤྱོད་ལེགས་པའི་མི་གསོ་སྐྱོང་བྱེད་པའི་ལས་རིགས་སློབ་གསོའི་རིམ་པ་རེ་རེར་མཉམ་འདྲེས་བྱས། སྦྱོང་ཚན་མ་ལག་དང་། སློབ་ཁྲིད་མ་ལག སློབ་གཞི་མ་ལག དོ་དམ་མ་ལག་སོགས་ཀྱི་ཐད་ནས་ཞིབ་འཇུག་དང་ཇུས་འགོད་གསར་བ་བྱེད་དགོས། གཉིས་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱེད་པར་སྐུལ་འདེད། ཚོང་ར་དང་ཞབས་ཕྱིའི་འཕེལ་རྒྱས། ལས་ཞུགས་ལ་སྐུལ་འདེད་བྱེད་པའི་སློབ་སྒྲུབ་ལ་ཁ་ཕྱོགས་པར་རྒྱུན་འཁྱོངས། ཆེད་ལས་སྒྲིག་གཞི་ལེགས་བསྒྱུར། རྨང་གཞིའི་ཤེས་བྱ་དང་ལས་རིགས་ཤེས་བྱ། ཆེད་ལས་ནུས་རྩལ་སློབ་གསོ་ལ་ཤུགས་སྣོན། སློབ་མར་འོས་འཚམས་ཡིན་པའི་ལས་རིགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། གསུམ་ནས་དངོས་སུ་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱལ་ལ་ཞབས་ཕྱི་བྱས་ཏེ། བོད་ཁུལ་གྱི་རིགས་སོ་སོའི་ན་གཞོན་རྣམས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་ཐུབ་པའི་རྐང་འཛིན་གྱི་ནུས་པ་ཐོན་པར་བྱེད་དགོས་ལ། མུ་མཐུད་དུ་བོད་ཁུལ་དང་རྒྱལ་ནང་གི་བསམ་བློ་བརྗེ་རེས་བྱེད་པའི་ཁྱབ་རྒྱ་ཆེར་སྐྱེད་པ་དང་། སློབ་གསོ་དང་ཐོན་ལས་ཕན་ནུས་ལྡན་པའི་སྒོ་ནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བྱས་ཏེ། རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཚོད་ལྟའི་ས་ཁུལ་དང་མཐོ་སྒང་གི་དེང་རབས་ཀྱི་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་སོགས་འཛུགས་སྐྲུན་བྱེད་པར་འཇོན་མིས་རམ་འདེགས་བྱེད་དགོས། བཞི་ནས་ལག་རྩལ་ནུས་པར་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིག་བསྐྲུན་ཏེ། གོམ་གང་མདུན་སྤོས་སྒོས་ལག་རྩལ་འཇོན་མིའི་སྤྱི་ཚོགས་གོ་གནས་དང་ཡོང་འབབ་མཐོར་འདེགས་སུ་གཏོང་བ་དང་། ཧུར་ཐག་སྒོས་སྲིད་གཞུང་གི་གདེང་འཇོག་དང་སྤྱི་ཚོགས་ཀྱི་མཐོང་ཆེན། ཁྱིམ་ཚང་གི་རྒྱབ་སྐྱོར། མི་སྒེར་གྱི་བརྩོན་ལེན་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ལ། ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་ནུས་རྩལ་ནི་འགངས་ཆེན་ཡིན་པ། རླབས་ཆེ་བའི་དུས་རབས་ཀྱི་དར་སྲོལ་གསར་སྐྲུན་བྱེད་པ་བཅས་དར་སྤེལ་བྱས་ཏེ། མི་ཚང་མ་འཇོན་མར་འགྱུར་སྲིད་ལ། མི་ཚང་མས་རང་རང་གི་འཇོན་ཐང་མངོན་ཆོག་པའི་གསོན་ཉམས་ལྡན་པའི་རྣམ་པ་གྲུབ་དགོས་ཅེས་ནན་གྱིས་བསྟན།
     དབྱང་ཧྥིན་ཁྲོན་གྱིས་བསྟན་དོན། ཐེངས་འདིའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ནི་ཕན་ཚུན་གཅིག་རྟེན་གཅིག་འབྲེལ་དང་འཕེལ་རྒྱས་ལ་སྐུལ་བའི་ཚོགས་འདུ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་བཀོད་འདོམས་གཅིག་བསྡུས་དང་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་དང་། ཞིང་ཆེན་སོ་སོའི་སྔོན་འགྲོའི་ཉམས་མྱོང་བསྡུ་ལེན་བྱས་ནས་བོད་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་ཀྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཚིམས་པའི་དེང་རབས་ཀྱི་ལས་རིགས་སློབ་གསོ་ཞིག་སྐྱོང་བར་འབད་དེ། དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བར་རམ་འདེགས་སྒོས་མཚོ་སྔོན་གྱི་བོད་ཁུལ་དང་ཞིང་ཆེན་ཡོངས། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྲིང་རིམ་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་མངོན་འགྱུར་དང་། སྟོབས་འབྱོར། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་ཞིག་འཛུགས་སྐྲུན་བྱེད་པར་ནུས་པ་བླ་ལྷག་འདོན་དགོས་ཟེར།
     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་བསྟན་དོན། མཚོ་ལྷོ་ཁུལ་ཀྱིས་མུ་མཐུད་དུ་ཞབས་ཕྱིའི་འཕེལ་རྒྱས་དང་ལས་ཞུགས་སྐུལ་འདེད་ཀྱི་སློབ་འཛུགས་ཁ་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ལས་རིགས་སློབ་གསོའི་འཕེལ་རྒྱས་འདུ་ཤེས་གསར་སྐྲུན་དང་ལས་རིགས་སློབ་གསོའི་མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་བ། ནུས་ཤུགས་ཡོད་དགུས་མཚོ་ལྷོ་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་དང་མགྱོགས་མྱུར་སྒོས་ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། ནུས་ལྡན་འཇོན་མི་གསོ་སྐྱོང་བྱེད་པར་འབད་བརྩོན་དང་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གསར་བ་འདོན་པར་སྐུལ་འདེད་བྱེད་དགོས་ཟེར།
     ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན། ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིན། ཀོང་ཏུང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། ཀྲེ་ཅང་ཞིང་ཆེན་ཉིན་པའོ་གྲོང་ཁྱེར་ཡུན་ཀྲིག་ལས་རིགས་མཐོ་རིམ་སློབ་འབྲིང་གི་འཐུས་མི་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད་གནང་།
     ཚོགས་འདུ་འདི་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་ཅིང་། མཚོ་སྔོན་ཞིང་ཆེན་མི་རིགས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་རོགས་སྒྲུབ་མཛད། སི་ཁྲོན་དང་ཡུན་ནན། བོད་ལྗོངས་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་ལྔ་ཡི་མི་རིགས་བྱ་བའི་སྡེ་ཁག་དང་སློབ་གསོའི་སྲིད་དོན་སྡེ་ཁག བོད་ལྗོངས་དང་སི་ཁྲོན། ཡུན་ནན་དང་ཀན་སུའུ། མཚོ་སྔོན་བཅས་བོད་ཁུལ17(གྲོང་ཁྱེར། ཁུལ)གྱི་མི་དམངས་སྲིད་གཞུང་། ནང་ལོག་ཏུ་བོད་ལྗོངས་འབྲིང་རིམ་ལས་རིགས་སློབ་གྲྭ་འཛུགས་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར12གྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། དེ་མིན་ལས་རིགས་སློབ་གྲྭ་ཁ་ཤས་ཀྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས། ཀྲུང་དབྱང་བོད་ལྗོངས་མཐུན་སྦྱོར་བྱ་བའི་ཚོ་ཆུང་གི་གཞུང་ལས་ཁང་། སློབ་གསོའི་སྡེ་ཁག་གི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཟི། སློབ་གསོ་སྡེ་ཁག་གི་མི་རིགས་སློབ་གསོ་ཟི། ཀྲུང་གོའི་ལས་རིགས་ལག་རྩལ་སློབ་གསོའི་སློབ་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་འདུར་མཛུབ་སྟོན་གནང་། དགུ་གསུམ་སློབ་ཚོགས་སྲིད་ཞུགས་སྲིད་མོལ་པུའུ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ་པུའུ། ཀྲུང་གོའི་ལས་རིགས་ལག་རྩལ་སློབ་གསོ་ཚོགས་པའི་གྲངས་ཉུང་མི་རིགས་ལས་རིགས་སློབ་གསོ་ཆེད་ལས་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་མི་རིགས་ལག་རྩལ་དང་སྒྱུ་རྩལ་ལས་རིགས་སློབ་གསོའི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་རྣམས་ཀྱིས་ལྟ་སྦྱོང་བྱས།།


འབྲེལ་ཡོད་འོས་སྦྱོར།