བོད་ལྗོངས་ཀྱི་དེང་རབས་ཅན་གྱི་བྱིས་པའི་དགའ་ཚལ་འཛུགས་སྐྲུན་བྱེད་འགོ་བརྩམས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-05-26
ཀློག་གྲངས།:
ཟླ5བའི་ཚེས24ཉིན། སྤྱིའི་མ་དངུལ་སྒོར་ཁྲི7500བཏང་བའི་ལྷ་ས་གྲོང་ཁྱེར་གྱི་བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད། འདི་ནི་བོད་ལྗོངས་སུ་དེང་རབས་ཅན་གྱི་བྱིས་པའི་དགའ་ཚལ་ཐོག་མ་ཡིན་ཞིང་། འཆར་གཞི་ལྟར་ན་སང་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་སུ་དངོས་སུ་སྒོ་འབྱེད་རྒྱུ་རེད།
ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། བྱེ་བྲག་ཏུ་གནས་སྐོར་དཔལ་འབྱོར་མྱུར་དུ་སྤེལ་བ་དང་བསྟུན་ནས་མང་ཚོགས་ཀྱི་བསམ་བློའི་ལོངས་སྤྱོད་ཀྱི་མཁོ་འདོད་ཆེ་རུ་ཕྱིན་པས། བྱིས་པའི་དགའ་ཚལ་འདིས་ན་ཆུང་བྱིས་པ་རྣམས་ཀྱི་བར་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་ཐུབ་པ་དང་མཉམ་དུ། བོད་ལྗོངས་སུ་དེང་རབས་ཅན་གྱི་བྱིས་པའི་རོལ་རྩེད་གླིང་མེད་པའི་སྟོངས་ཆ་བསྐང་ཐུབ་པ་རེད།
བྱིས་པའི་དགའ་ཚལ་འདི་ནི་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་ལ་རོགས་སྐྲུན་བྱེད་པའི་ལས་གཞིའི་གྲས་ཤིག་ཡིན་ཞིང་། དགའ་ཚལ་གླིང་གི་ཇུས་འགོད་འཆར་གཞི་ལྟར་ན་མཐོ་སྒང་གི་གནམ་གཤིས་ཁྱད་ཆོས་དང་གནས་སྐོར་བའི་མཁོ་འདོད་ལྟར་མཁའ་སྐྱོད་འཁོར་ལོ་དང་། ཐོ་ཆེན། ཤུད་སྐས་སོགས་རོལ་རྩེད་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། དགུན་དུས་ཀྱི་རོལ་རྩེད་ཁང་བསྐྲུན་ཏེ་ན་ཆུང་བྱིས་པའི་གླུ་གཞས་དང་། ཞབས་བྲོ། རི་མོ་འབྲི་བ་སོགས་སློབ་གསེང་གི་རིག་གནས་བྱ་འགུལ་སྤེལ་གནས་སུ་བྱེད་རྒྱུ་རེད།
བདེ་སྐྱིད་ནོར་བུ་བྱིས་པའི་དགའ་ཚལ་དེ་ལྷ་སའི་མེ་འཁོར་ས་ཚུགས་ཀྱི་ཁ་གཏད་དུ་སྐྲུན་བཞིན་ཡོད་ཅིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4281.82ཡོད་པ་དང་། ན་གཞོན་དང་། ན་ཆུང་བྱིས་པ། གནས་སྐོར་བ་སོགས་ཀྱི་མཁོ་འདོད་ཚིམས་པར་བྱེད་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་རོལ་རྩེད་ལས་གཞི་ཞིག་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།