logo

མཚོ་སྔོན་མཚོ་ལྷོ་ཁུལ“མཚོ་སྔོན་པོ་གསོ་རིག”བུམ་པའི་ཡིག་གཟུགས་པར་འགྲེམ་ཁྲི་ཀར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-24 ཀློག་གྲངས།:

         ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་།  མཚོ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས།  མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་། མཚོ་ལྷོ་ཁུལ་ཡིག་གཟུགས་པར་མཁན་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའི“མཚོ་སྔོན་པོ་གསོ་རིག”བུམ་པའི་ཡིག་གཟུགས་པར་འགྲེམ་དེ་ཁྲི་ཀ་རྫོང་མཚོ་ལྷོ་ཁུལ་རྒྱལ་ཁྲལ་ཅུའུ་གསོ་སྦྱོང་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ། འདིར་གཟིགས་མོ་བ2300ལྷག་ཞུགས་ཡོད་པ་རེད།
         ཐེངས་འདིའི་ཡིག་གཟུགས་པར་འགྲེམ་དུ་བསྡོམས་པས་བརྩམས་ཆོས700ལྷག་བསྡུས་པ་དང་།  ལེགས་འདེམས་བྱས་པར་བརྒྱུད་བརྩམས་ཆོས144ལྷག་དངོས་སུ་འགྲེམ་སྟོན་བྱས། དེ་ལས་མཛེས་རྩལ་བརྩམས་ཆོས49དང་།  ཀྲུང་གོའི་དཔེ་རིས་བརྩམས་ཆོས32། སྣུམ་རིས17། ཡིག་གཟུགས་བརྩམས་ཆོས76།  དེ་དག་ཁྲོད་བོད་ཡིག་ཡིག་གཟུགས་བརྩམས་ཆོས17འདུས། 
         ཐེངས་འདིའི་འགྲེམ་སྟོན་ནི་ཉེ་བའི་ལོ་འགའི་ནང་མཚོ་ལྷོ་ཁུལ་གྱིས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཞིག་ཡིན་ཞིང་།  ཟུར་གཞན་ཞིག་ནས་བརྗོད་ན་མཚོ་ལྷོ་ཁུལ་གྱི་ལོ་འགའི་སྒྱུ་རྩལ་གསར་སྐྲུན་ཐད་ལ་ལྟ་ཞིབ་ཐེངས་ཤིག་བྱས་པ་རེད།  མཚོ་ལྷོའི་ཡིག་གཟུགས་པར་མཁན་རྣམས་ཀྱིས་སོ་སོའི་སྒྱུ་རྩལ་མཚོན་ཐབས་ཀྱི་རྣམ་པ་སྤྱད་དེ་མཚོ་ལྷོའི་རི་ཆུ་དང་།  མང་ཚོགས་ཀྱི་འཚོ་བ་མངོན་པར་བཏོད་ཡོད།
         དེར་མཐུད་དེ་མཚོ་ལྷོ་ཁུལ་མཛེས་རྩལ་པའི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་།  མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་མིང་གྲགས་མཛེས་རྩལ་པ་དང་མཚོ་ལྷོ་ཁུལ་གྱི་མཛེས་རྩལ་བྱ་སྒྲུབ་པ་རྣམས་ཀྱིས་ཁུལ་ཡོངས་མཛེས་རྩལ་གསར་སྐྲུན་ཐད་ཀྱི་མིག་སྔར་གནས་སྟངས་ཐད་ཕན་ཚུན་བགྲོ་གླེང་དང་། ད་ལྟ་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་བྱས།   དེ་མིན་གཞི་རིམ་མཛེས་རྩལ་བྱ་སྒྲུབ་པས་ཡུལ་དངོས་ནས་ཆེད་མཁས་པ་རྣམས་ལ་བློ་དྲིས་པར་མ་ཟད་ཞིང་ཆེན་མཛེས་རྩལ་ལྷན་ཚོགས་ལ་གཞི་རིམ་གྱི་མཛེས་རྩལ་གསར་སྐྲུན་ཐད་རྒྱབ་སྐྱོར་དང་གཟིགས་རྟོགས་བྱེད་པར་རེ་ཞུ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།