logo

བོད་འབྲེལ་གློག་བརྙན་ཁག་གསུམ་སྒྱུ་རྩལ་བརྙན་གླིང་མི་རིགས་གློག་བརྙན་འགྲེམ་སྟོན་སྟེང་གཏོང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-24 ཀློག་གྲངས།:


སྒྱུ་རྩལ་བརྙན་གླིང་མི་རིགས་གློག་བརྙན་འགྲེམ་སྟོན་སྟེང་གཏོང་གྲབས་ཡོད་པའི་བོད་འབྲེལ་གློག་བརྙན་ཁག་གསུམ།

  ཟླ5བའི་ཚེས22ཉིན། པེ་ཅིང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་གློག་བརྙན་རྒྱུ་ཆ་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་ཀྲུང་གོའི་གློག་བརྙན་རྒྱུ་ཆ་ཁང་སྒྱུ་རྩལ་བརྙན་གླིང་མི་རིགས་གློག་བརྙན་འགྲེམ་སྟོན་སྤེལ་འགོ་ཚུགས་པ་རེད། ཉིན་དེ་ནས་ཟླ6པའི་ཚེས30ཉིན་བར་དུ་ཀྲུང་གོ་གློག་བརྙན་རྒྱུ་ཆ་ཁང་སྒྱུ་རྩལ་བརྙན་གླིང་གིས་མཐོ་སྒང་ལ་དུངས་བ་དང་། རྩྭ་ཐང་གི་སྙན་གླུ། མི་རིགས་ཀྱི་ཁྱད་ཆོས་སོགས་ཀྱི་བརྗོད་གཞིའི་སྡེ་ཚན་དུ་ཕུལ་དུ་བྱུང་བའི་མི་རིགས་ཀྱི་གློག་བརྙན་ཁག21གཏོང་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་སྐབས་འདིའི་མི་རིགས་གློག་བརྙན་འགྲེམ་སྟོན་གྱིས་མི་རིགས་རྩོམ་རིག་དང་གློག་བརྙན་བརྗོད་གཞིར་བཟུང་ནས་བོད་འབྲེལ་གྱི་གློག་བརྙན《ཐང་ག》དང་། 《ཡེ་ཤེས་སྒྲོལ་མ》། 《གངས་ལྷ་མེ་ཏོག》བཅས་གཏོང་རྒྱུ་རེད། གློག་བརྙན《ཐང་ག》ཞེས་པའི་ཁྲོད་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཏེ་ཐང་ག་སྲོག་ཤིང་དུ་བྱས་ནས། ཐང་གའི་ལྷ་རིས་པས་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་གཏམ་རྒྱུད་ཁག་ཞིབ་འབྲི་བྱས་ཏེ་བོད་ཀྱི་ཁྱད་དུ་འཕགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་དཔལ་དང་། བོད་ལྗོངས་ཀྱི་ངོ་མཚར་ལྟ་ན་སྡུག་པའི་ཡུལ་ལྗོངས་བཀོད་པ་མངོན་མཚོན་བྱས་པར་བརྒྱུད་བོད་དམངས་རྣམས་འཚོ་བར་སྤྲོ་ཞིང་སྒྱུ་རྩལ་ལ་ཕྱོགས་པའི་སེམས་ཁམས་གསར་བཞེངས་བྱས་ཡོད།
  གློག་བརྙན《གངས་ལྷ་མེ་ཏོག》ཞེས་པའི་ཁྲོད་གླུ་མ་ཨན་ཡེའུ་ཡི་སྐད་སྙན་ཤོར་ནས་གླུ་གཞས་ལེན་མ་ཐུབ་པས་ལྷ་སར་སོང་ནས་ཁོ་མོའི་སྐད་སྙན་འཚོལ་བའི་བརྒྱུད་རིམ་ཁྲོད་བོད་པའི་ཕོ་གསར་ཞིག་ལ་འཕྲད་པར་མ་ཟད། གནམ་མཚོ་ཕྱུག་མོའི་འགྲམ་རྒྱུད་དུ་ཁོ་མོའི་གླུ་གཞས《གངས་ལྷ་མེ་ཏོག》ཞེས་པའི་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་བརྩེ་དུང་ལ་རེ་སྒུག་བྱེད་བཞིན་པའི་གངས་ལྷ་མེ་ཏོག་ལ་འཕྲད་ནས་སེམས་ཁོངས་སུ་ཡུན་རིང་དུ་སྦས་པའི་གསང་བ་དེ་བརྗོད་པ་རེད། གློག་བརྙན《ཡེ་ཤེས་སྒྲོལ་མ》ཞེས་པ་ནི་བོད་ཀྱི་རྩོམ་པ་པོ་བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་ལས་སྒྲིག་པ་ཡིན་ཞིང་། དེའི་ཁྲོད་ཡིད་དུ་འོང་བའི་སྐྱེས་མ་ཞིག་དང་སྐྱེས་པ་གསུམ་གྱི་དུས་རབས་ཕྱེད་ཀའི་རིང་དུ་བྱུང་བའི་ཆགས་སྡང་གི་འགྱུར་བ་སྲོག་ཤིང་དུ་བཟུང་ནས་གཏམ་རྒྱུད་ཀྱི་བྱུང་བ་རིམ་གྱིས་བརྗོད་ཡོད།


མི་རིགས་ཀྱི་གློག་བརྙན་ཁག21གཏོང་བའི་དུས་ཚོད།


འབྲེལ་ཡོད་འོས་སྦྱོར།