logo

བོད་ལྗོངས་ཀྱི་སྒྱུ་རྩལ་པ་དོན་འགྲུབ་དང་ཁྲི་འཛིན་རབ་བརྟན་གཉིས་ཧྲིན་ཀྲིན་རིག་དངོས་འགྲེམ་ཚོགས་ལ་ཞུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-18 ཀློག་གྲངས།:


བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་པ་དོན་འགྲུབ་དང་ཁྲི་འཛིན་རབ་བརྟན་
གཉིས་ཧྲིན་ཀྲིན་རིག་དངོས་འགྲེམ་ཚོགས་ལ་ཞུགས་པ།

          2012ལོའི་སྐབས་བརྒྱད་པའི་ཀྲུང་གོ(ཧྲིན་ཀྲིན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམ་འཚོང་འདུ་ཚོགས་དེ་ཟླ5བའི་ཚེས18ནས་ཚེས21བར་ཧྲིན་ཀྲིན་བཤམས་སྟོན་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ་དང་།  གཟིགས་མོ་བ་རྣམས་ལ་སྟབས་བདེ་སྐྲུན་པར་ཚེས19དང་ཚེས20གཉིས་ཀྱི་དགོང་མོའི་ཆུ་ཚོད་དགུ་བའི་བར་འགྲེམ་སྟོན་བྱེད་འཆར་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ཐང་གའི་སྒྱུ་རྩལ་པ་དོན་འགྲུབ་དང་ཁྲི་འཛིན་རབ་བརྟན་གཉིས་ཐང་གའི་སྒྱུ་རྩལ་པའི་ཚབ་བྱས་ཏེ་ཐེངས་འདིའི་འགྲེམ་ཚོགས་ལ་ཞུགས་ཤིང་། དོན་འགྲུབ་ཀྱིས1996ལོ་ནས་བཟུང་ཐང་གའི་སྒྱུ་རྩལ་ལ་འབད་པ་བྱས་ནས་ད་ལྟའི་བར་ལོ16འགོར་ཡོད་དེ།  བོད་ལྗོངས་སློབ་ཆེན་གྱི་མཛེས་རྩལ་གླིང་གི་དགེ་རྒན་དང་། རྒྱལ་ཁབ་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསྟན་པ་རབ་བརྟན་སོགས་ཀྱི་མདུན་ནས་སྦྱངས་བ་བྱས། 2008ལོར་ལྷ་ས་རུ་མི་སྒེར་ཐང་ག་འགྲེམ་སྟོན་བྱས་པ་མ་ཟད“སྨན་བླ་དོན་འགྲུབ་ཀྱི་གཞུང་ལས་ཁང”ཅེས་པའི་གཞུང་ལས་ཁང་ཞིག་བཙུགས། 2009ལོའི་ཟླ6པར“བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཡུལ་སྐོར་རྗེས་དྲན་དངོས་རྫས་འགྲན་བསྡུར”ལ་ཞུགས་ཏེ་ཚོན་རིས་ཅན་གྱི་གསེར་གྱི་རྟགས་མ་ཐོབ།  2010ལོའི་ཟླ8པར“བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཐང་གའི་སྒྱུ་རྩལ་འགྲེམ་ཚོགས་ཆེན་མོ”རུ་ཞུགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ཐང་གའི་སྒྱུ་རྩལ་པའི་མཚན་སྙན་གསོལ།  ཁྲི་འཛིན་རབ་བརྟན་ཡང་དོན་འགྲུབ་དང་མཚུངས་པར་གོང་གསལ་དགེ་རྒན་དག་ལ་བསྟེན་ནས་ཐང་གའི་སྒྱུ་རྩལ་ལ་སྦྱངས་པ་བྱས་ཤིང་། 2010ལོའི་ཟླ8པར“བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཐང་གའི་སྒྱུ་རྩལ་འགྲེམ་ཚོགས་ཆེན་མོ”རུ་ཞུགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ཐང་གའི་སྒྱུ་རྩལ་པའི་མཚན་སྙན་ཐོབ་པ་དང་། 2010ལོའི་ཟླ11པར་པེ་ཅིང་དུ་སྤེལ་པའི“བོད་ལྗོངས་ཐང་གའི་སྒྱུ་རྩལ་གཅེས་ནོར་འགྲེམ་སྟོན།    དེང་རབས་ཐང་གའི་སྒྱུ་རྩལ་པའི་ཁྱུ་འགྲེམ”དུ་ཞུགས།
          རིག་དངོས་འགྲེམ་ཚོགས་འདི་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་ཅན། ཕྱོགས་བསྡུས་རང་བཞིན་གྱི་རིག་དངོས་ཐོན་ལས་འགྲེམ་འཚོང་ཚོགས་ཉག་ཅིག་ཡིན་ཞིང་། འགྲེམ་སྟོན་དང་ཚོང་འབྲེལ་ལྟེ་བར་བཟུང་སྟེ་གང་ནུས་ཀྱིས་ཀྲུང་གོའི་རིག་གནས་ཐོན་རྫས་དང་ལས་གཞི་ཚོང་འབྲེལ་སྟེགས་བུ་ཞིག་སྐྲུན་པར་བརྒྱུད་ཀྲུང་གོའི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།