logo

《གེ་སར》སྒྲུང་ཁག《རྟ་རྒྱུག་རྒྱལ་འཇོག》ཟི་ལིང་དུ་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-16 ཀློག་གྲངས།:


《རྟ་རྒྱུག་རྒྱལ་འཇོག》ཁྲོད་ཀྱི་ཇོ་རུ།

  ཟླ5བའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པ་དང་མགོ་ལོག་ཁུལ་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པས་གསར་དུ་བསྒྲིགས་པའི《གེ་སར》སྒྲུང་ཁག《རྟ་རྒྱུག་རྒྱལ་འཇོག》ཅེས་པ་མཚོ་སྔོན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་རེད།
  མགོ་ལོག་ཁུལ་དུ་གེ་སར་རིག་གནས་ཐོན་ཁུངས་གྱ་ནོམ་པ་མངའ་ཞིང་། རྒྱུན་འཛིན་ཐབས་ལམ་དང་རྒྱུན་འཛིན་པ་མང་པོ་ལྡན་པའི་ཁར། ཉེ་བའི་ལོ་ནང་གེ་སར་རིག་གནས་མྱུར་སྐྱོབ་དང་། སྔོག་འདོན། སྲུང་སྐྱོབ། འདོན་སྤེལ་བཅས་ཀྱི་ཐད་གྲུབ་འབྲས་མངོན་སུམ་བླངས། གེ་སར་རིག་གནས་ནི་མགོ་ལོག་ཁུལ་རིག་གནས་གནས་སྐོར་ཐོན་ཁུངས་ཀྱི་མཚོན་རྟགས་དོད་པོ་ཞིག་ཏུ་གྱུར་པ་སྟེ། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་སྔ་རྗེས་སུ་མགོ་ལོག་ཁུལ་ལ་གེ་སར་རིག་གནས་ཀྱི་ཕ་ས་དང་གེ་སར་རིག་གནས་ཞིབ་འཇུག་གཞི་གནས་ཞེས་པའི་མཚན་སྙན་གསོལ་བ་རེད།
  མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པས2007ལོ་ནས་བཟུང་གེ་སར་སྒྲུང་རིང་ཁྲོད་ཀྱི་སྒྲུང་ཁག་རྟ་རྒྱུག་རྒྱལ་འཇོག་དང་འབྲེལ་བའི་གཏམ་རྒྱུད་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ་གླུ་གར་གྱི་རྣམ་པས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་རིགས་ཀྱི་དཔའ་བོ་སྟེ་གླིང་སེང་ཆེན་རྒྱལ་པོའི་གཏམ་རྒྱུད་ཡང་བསྐྱར་མངོན་མཚོན་བྱས་པ་རེད།


《རྟ་རྒྱུག་རྒྱལ་འཇོག》ཁྲོད་ཀྱི་གླིང་གི་ལྷ་བྱ།

《རྟ་རྒྱུག་རྒྱལ་འཇོག》ཁྲོད་གླིང་གི་སྨན་ཤར་བུ་མོའི་ཚོགས།

  རྒྱུས་ལོན་བྱུང་བ་ལྟར་ན་ཟློས་གར་འདིའི་ཁྲོད་ལུང་བསྟན་པ་དང་། ལུང་བསྟན་ལོག་པར་སྒྲོག་པ། རྟ་རྒྱུག་ཐག་བཅད། རྟ་མཆོག་རྐྱང་རྒོད་གཡེར་བ་རི་ལས་བཟུང་བ། ཇོ་རུ་ལ་རྟ་ཐོབ་པ། རྟ་རྒྱུག་ཨང་དང་པོའི་མགྱོགས་དར་ཐོབ་པ། ཇོ་རུ་རྒྱལ་པོར་བསྐོས་པ། སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་པ་བཅས་ཁག་བརྒྱད་དུ་འདུས་པ་རེད།


འབྲེལ་ཡོད་འོས་སྦྱོར།