logo

ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་རིག་གནས་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-13 ཀློག་གྲངས།:


ལྷ་སའི་གྲོང་མིས་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

ལྷ་སའི་གྲོང་མིས་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

              ཟླ5བའི་ཚེས10ཉིན། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་དང་བླངས་པ་དང་ལས་ཞོར་རིག་གནས་དཔུང་སྡེ་རྩ་འཛུགས་བྱས་ཏེ“བདེ་སྐྱིད་ཀྱི་ལྷ་ས”ཞེས་པའི་ཚད་ལྡན་ཞབས་བྲོ་འཁྲབ་སྦྱོང་བྱེད་པ་གཙོར་བྱེད་པའི་མང་ཚོགས་རིག་གནས་བྱ་འགུལ་སྤེལ་བ་རེད། མི་དམངས་མང་ཚོགས་སྤྲོ་བ་ཆེ་བའི་རིག་རྩལ་རྣམ་པ་སྤྱད་དེ་ཕུལ་དུ་བྱུང་བའི་སྲོལ་བཟང་དང་། ཀུན་སྤྱོད་མིག་དཔེ། ཉེ་འགྲམ་གྱི་སྐྱེས་བུ་ཡ་རབས་ཅན་གྱི་མཛད་རྗེས་སོགས་དྲིལ་སྒྲོག་བྱས་ནས་སྤྱི་ཚོགས་རིག་གནས་ཀུན་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།