logo

མཚོ་སྔོན་ཞིང་ཆེན་གངས་ལྗོངས་སྙིང་རྗེའི་རོགས་སྐྱོར་ཚོགས་པ་ལོ་འཁོར་བརྒྱད་ལོན་པའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-05 ཀློག་གྲངས།:


ཡུལ་དངོས།

           ཉེ་ལམ།  མཚོ་སྔོན་ཞིང་ཆེན་གངས་ལྗོངས་སྙིང་རྗེའི་རོགས་སྐྱོར་ཚོགས་པ་བཙུགས་ནས་ལོ་འཁོར་བརྒྱད་ལོན་པའི་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་།  ཚོགས་ཐོག་ཏུ་བོད་མི་སྟོང་ལྷག་གཅིག་ཏུ་འཛོམས་པ་དང་གླུ་གར་འཁྲབ་སྟོན་སོགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གངས་ལྗོངས་སྙིང་རྗེའི་རོགས་སྐྱོར་ཚོགས་པ་ལོ་འཁོར་བརྒྱད་ལོན་པར་རྟེན་འབྲེལ་ཞུས།


འཆམ་འཁྲབ་པ།

           མཚོ་སྔོན་ཞིང་ཆེན་གངས་ལྗོངས་སྙིང་རྗེའི་རོགས་སྐྱོར་ཚོགས་པ་ནི་བྱམས་དང་སྙིང་རྗེ་ཆེན་པོས་བྱུག་ཅིང་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་བའི་མཐུན་ཚོགས་ཤིག་སྟེ།  ཉམས་ཆུང་དབུལ་སྐྱོར་གྱི་སྲོལ་བཟང་ཁྱབ་སྤེལ་བྱས་པར་བརྟེན་སྤྱི་ཚོགས་སྟེང་མི་སྒེར་སོ་སོས་བྱམས་སེམས་དང་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པའི་ཁ་དབུགས་སྟུག་པོ་ཞིག་བསྩལ་ཞིང་། མུ་མཐུད་དུ་བྱམས་སྐྱོང་ལས་རིགས་ཀྱི་སྤྱི་ཚོགས་ཤུགས་རྐྱེན་མཐོར་འདེགས་སུ་བཏང་ནས་མཚོ་སྔོན་གྱི་བྱམས་སྐྱོང་ལས་རིགས་ཁྲོད་བྱས་རྗེས་མི་དམན་པ་བཞག་ཡོད།


བྱ་འགུལ་གྱི་ཟུར་ཞིག

           ཚོགས་པ་འདི་བཙུགས་ཚུན་ནས་བཟུང་།  བྱམས་སྐྱོང་ལས་སྒྲུབ་པ་རྣམས་ཀྱི་བརྩོན་པར་བརྒྱུད་རང་འགུལ་དང་རང་རྟོགས་སྒོས་བྱམས་སྐྱོང་བྱ་འགུལ་གང་མང་སྤེལ་པ་དང་འབྲེལ་ཡོད་སྒྲིག་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ཡོད་ཅིང་། དམངས་ཁྲོད་རྩ་འཛུགས་ཀྱི་ནུས་བ་འདོན་སྤེལ་གང་ལེགས་དང་བྱམས་སྐྱོང་ལས་རིགས་ཀྱི་འགན་ལེགས་པོ་ཁུར་ཐོག    སྤྱི་ཚོགས་ལས་རིགས་སོ་སོས་གཟེངས་བསྟོད་ཆེན་པོ་བྱེད་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།