logo

སི་ཁྲོན་ཧུང་ཡོན་རྫོང་གི་རོང་འབྲོག་ལས་བྱེད་མང་ཚོགས་ཀྱིས་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-04 ཀློག་གྲངས།:


ངལ་རྩོལ་པའི་གླུ་གཞས་ལེན་བཞིན་པ།

         ཟླ4བའི་ཚེས29ཉིན་གྱི་ཕྱི་དྲོ། སི་ཁྲོན་ཧུང་ཡོན་རྫོང་གི་རོང་འབྲོག་ལས་བྱེད་མང་ཚོགས་ཀྱིས་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད།  རོང་འབྲོག་ལས་བྱེད་མང་ཚོགས་རྣམས་ཀྱིས་དགའ་བའི་གླུ་དབྱངས་ལེན་ཞིང་སྐྱིད་པའི་བྲོ་གར་འཁྲབ་ནས། ངལ་རྩོལ་པའི་གླུ་གཞས་ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད་པ་རེད།
         བྱེད་སྒོ་འདི་བརྒྱུད་ནས“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”དགོངས་པའི་དབྱངས་རྟ་མཐོན་པོར་བསྒྲགས་ཤིང༌། མཐུན་སྒྲིལ་ལག་རྡང་དམ་པོ་དང་མདུན་སྐྱོད་གོམ་འགྲོས་མཉམ་པོས་ཧུང་ཡོན་ལྔ་ཡི་འཛུགས་སྐྲུན་ལ་འབད་བརྩོན་ལྷོད་མེད་བྱེད་ངེས་པ་མཚོན་ཡོད།


འབྲེལ་ཡོད་འོས་སྦྱོར།