ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དཔེ་ཁང་གི་སྒོ་འབྱེད་རྒྱུ་རེད།
ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དཔེ་ཁང་མི་འགྱངས་པར་སྒོ་འབྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་བོད་རིག་པའི་ཆེད་རྩོམ་དང་བོད་རིག་པར་འབྲེལ་ཡོད་ཀྱི་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བའི་ཆེད་དུ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དཔེ་ཁང་མི་འགྱངས་པར་སྒོ་འབྱེད་རྒྱུ་རེད།
ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་ནི1986ལོའི་ཟླ12བའི་ཚེས29ཉིན་བཙུགས་པ་ཡིན་ཞིང་། འདི་ནི་རང་རྒྱལ་དུ་གཞི་ཁྱོན་ཆེས་ཆེ་བ་དང་། རིག་གཞུང་རིམ་པ་ཆེས་མཐོ་བའི་བོད་འབྲེལ་དཔེ་དེབ་པར་སྐྲུན་བྱེད་པའི་ལས་ཁུངས་ཤིག་ཡིན་པར་མ་ཟད། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་འདེམ་ཐེངས་དང་པོའི་རྒྱལ་ཁབ་ཀྱི་སྤྱི་ཕན་རང་བཞིན་གྱི་དཔེ་སྐྲུན་ཁང་བཞིའི་གྲས་སུ་འདུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག སཾསྐྲི་ཏའི་ཡིག་སོགས་ཡིག་རིགས་མང་པོའི་ལམ་ནས་བོད་རིག་པའི་ཞིབ་འཇུག་ཆེད་སྒྲིག་བརྩམས་ཆོས་དང་། གནའ་རབས་ཀྱི་ལོ་རྒྱུས་དེབ་ཐེར་ལེགས་སྒྲིག རྒྱལ་ཁབ་ཕྱི་རོལ་གྱི་བོད་དང་འབྲེལ་བའི་བརྩམས་ཆོས་གྲགས་ཅན་ལོ་ཙཱ་དང་མཚམས་སྦྱོར། དེ་མིན་དེང་རབས་ཀྱི་བོད་ལྗོངས་བརྗོད་བྱར་བྱས་པའི་བརྩམས་ཆོས་སོགས་དཔེ་སྐྲུན་བྱེད་བཞིན་ཡོད།