བོད་ལྗོངས་ཀྱི་སྐབས་བཅུ་བའི(དཔྱིད་དུས)རི་འཛེག་ཚོགས་ཆེན་ཆས་སྐྱོད་མཛད་སྒོ་བསྡུས་པ།
བོད་ལྗོངས་ཀྱི་སྐབས་བཅུ་བའི(དཔྱིད་དུས)རི་འཛེག་ཚོགས་ཆེན་ཆས་སྐྱོད་མཛད་སྒོ་བསྡུ་བའི་ཡུལ་དངོས།
ཟླ5བའི་ཚེས2ཉིན། ཀྲུང་གོའི་གྲོང་ཁྱེར14ནས་ཡོང་བའི་རི་འཛེག་པ60ཡིས་བོད་ལྗོངས་ཡངས་པ་ཅན་གྱི་སྦྱོང་བརྡར་གཞི་གནས་ནས་སྟ་གོན་ལེགས་པོ་བྱས་ཏེ་མཚོ་ངོས་ལས་མཐོ་ཚད་ལ་སྨི6206ཡོད་པའི་ཁྱི་རྫི་རི་བོ་དང་མཚོ་ངོས་ལས་མཐོ་ཚད་ལ་སྨི6330ཡོད་པའི་ཐང་ལྷ་རིན་ཆེན་རི་བོའི་སྟེང་འཛེག་འགོ་བརྩམས།
བོད་ལྗོངས་ཀྱི་སྐབས་བཅུ་བའི་རི་འཛེག་ཚོགས་ཆེན་ལ་སྟོན་དཔྱིད་དུས་ཚིགས་གཉིས་སུ་ཕྱེས་ཡོད་ཅིང་། གཙོ་བོ་གསར་ཞུགས་རི་འཛེག་པར་ཁ་ཕྱོགས་ནས་བསྡུས་པ་རེད། ཐེངས་འདིའི་ཚོགས་ཆེན་སྟེང་ཞུགས་པའི་རི་འཛེག་པ་ནི་ཀྲུང་གོའི་ནང་ཁུལ་གྱི་གྲོང་ཁྱེར་དང་། དེ་མིན་ཞང་ཀང་དང་ཨོ་མིན་སོགས་ནས་ཡོང་བ་ཡིན། ཁོང་ཚོས་ཉིན་གསུམ་གྱི་རིང་དུ་ལུས་ཕུང་ཞིབ་བཤེར་དང་། རྐང་ཐང་དུ་སྐྱོད་པ། སྦྱོང་བརྡར་ལ་ཞུགས་པ། རི་འཛེག་ཤེས་བྱའི་འཆད་ཁྲིད་ལ་ཉན་པ་སོགས་ཀྱི་བྱ་འགུལ་ཁྲོད་ཞུགས་པར་བརྒྱུད། མ་འོངས་པའི་ཉིན་གཉིས་ནང་དུ་མཚོ་ངོས་ལས་མཐོ་ཚད་ལ་སྨི5300ཡོད་པའི་མདུན་སྐྱོད་སྒར་ས་ནས་སྦྱོང་བརྡར་བྱས་ཏེ་རི་མགོར་འཛེག་རྒྱུ་རེད།