logo

མཚོ་སྔོན་ཁྲི་ཀའི་སྐབས་བདུན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-02 ཀློག་གྲངས།:


མཛད་སྒོར་ཞུགས་པའི་འགོ་ཁྲིད་རྣམ་པ།

          ཟླ4བའི་ཚེས27ཉིན་གྱི་ཕྱི་དྲོ། “སྤྱོད་འཐུས་ཁྲི་ཀ     འཆམ་མཐུན་མཉམ་གནས”ཞེས་པ་བརྗོད་བྱར་བཀོད་པའི་མཚོ་སྔོན་ཞིང་ཆེན་ཁྲི་ཀའི་སྐབས་བདུན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཁྲི་ཀ་རྫོང་རྨ་ཆུའི་ཆུ་འཁོར་ཐང་ཆེན་དུ་གཟབ་རྒྱས་ངང་ཚོགས་པ་རེད།


བོད་རིགས་གླུ་མ་གཡང་ཕྱུག་འཚོ།


བོད་རིགས་གླུ་བ་པདྨ་བསམ་གྲུབ།

          མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་སངས་རྒྱས་དང་།  དེ་སྔའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་སྐལ་བཟང་རྡོ་རྗེ། དེ་སྔའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་གཡང་མོ་རྒྱལ།   མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏུའུ་ཅེ་སོགས་འགོ་ཁྲིད་རྣམ་པ་ཐེངས་འདིའི་མཛད་སྒོར་ཞུགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཏུའུ་ཅེ་ཡིས“ཁྲི་ཀའི་སྐབས་བདུན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན”འགོ་རྩོམ་པར་གཏམ་བཤད་གནང་།


རྒྱ་རིགས་གླུ་བ་གྲགས་ཅན་ཅང་ཐོའོ།


རྒྱ་རིགས་གླུ་མ་གྲགས་ཅན་མའོ་ཨ་མེ།

          ཐེངས་འདིའི་མཛད་སྒོ་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མིང་གྲགས་མདོ་འཛིན་པ་ལི་ཞཱ་དང་། རྒྱལ་ནང་གི་གླུ་བ་གླུ་མ་གང་མང་། བོད་ཀྱི་གླུ་མ་གཡང་ཕྱུག་འཚོ་དང་གླུ་བ་པདྨ་བསམ་གྲུབ་སོགས་གདན་འདྲེན་ཞུས་ཡོད་ཅིང་། ཁོ་ཚོས་ཡུལ་དངོས་ཀྱི་མང་ཚོགས་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་གླུ་གཞས་གང་མང་ཕུལ་པར་བརྟེན་གནས་འདིར་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས་འདུག  


འབྲེལ་ཡོད་འོས་སྦྱོར།